ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མངའ་རིས་ས་ཁུལ་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། སྒྱུར་བཅོས་ཞབས་འདེགས་ཞུ་བའི་ལས་དོན་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ས་ཁུལ་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཐོ་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་ལ་འགྱུར་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས། གསར་དུ་བཙུགས་པའི་ཁེ་ལས་ཀྱི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་སྤྱོད་ཚད100%ཡན་ཟིན་པ་དང་། “དྲ་གཅིག་ཀུན་སྒྲུབ”ཞབས་ཞུའི་ལས་སྟེགས་སྤྱོད་ཚད་མཐོ་རུ་ཕྱིན་པ། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”དང“ལག་ཁྱེར་མང་སྒྲིལ་དང་ཨང་རྟགས་ལོགས་འགོད”ཀྱི་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་ཁྲོམ་རའི་ཆོག་འཐུས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བས། “རེ་ཞུའི་རེའུ་མིག་གཅིག་དང་། སྐར་ཁུང་གཅིག་ནས་སྒྲུབ་གཉེར། དྲ་ཚིགས་གཅིག་ཏུ་མཉམ་འདུས”བཅས་མངོན་འགྱུར་བྱུང་ནས་གྲངས་གཞི་མང་ཙམ་སྤྱད་དེ་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་དུ་བཏང་སྟེ་མང་ཚོགས་ལ་སྟབས་བདེ་སྐྲུན་གང་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

མིག་སྔར་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི“མང་ཤོས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པའི”ཁྲལ་གཉེར་དོན་ཚན་ཁག5ཡི་རྣམ་གྲངས105དང་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་རྒྱ་སྐྱེད་བཏང་བའི་རིགས་ཆེ་གྲས་10ཡི་དོན་ཚན་ཁག80ཡི“མང་ཤོས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པའི”གསལ་ཐོ་དོན་འཁྱོལ་བྱས་ཏེ་སྡེ་ཚན་གཞན་དག་གི་ངོ་སྤྲོད་རིགས་ཀྱི་དཔྱད་གཞི་རིགས 70འབུལ་མི་དགོས་པ་བྱས་པས། ཁྲལ་འཇལ་མཁན་གྱི་དཔྱད་གཞི་སྐྱེལ་བདེ་རུ་འགྲོ་ཚད36%ཟིན་པ་དང་། ལས་སྒོ་ཁག115དང“ཐོ་འགོད་མི་དགོས་པའི”རེའུ་མིག་རིགས53གྱི་ཞབས་ཞུ་བསྒྲུབས་ནས་ཁྲལ་སྒྲུབ་ལས་སྒོ་ཁག48དུས་ཐོག་ཏུ་གཉེར་མཇུག་འགྲིལ་བ་དང་ཁྲལ་གཉེར་ལས་སྒོ28དུས་བཀག་ནང་སྒྲུབ་གཉེར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།