ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྫ་ཡུལ་རྫོང་རྨོག་བཀྲ་གྲོང་ཚོའི་ཡུལ་ལྗོངས་མཛེས། འཚོ་བ་སྐྱིད། ཡོང་འབབ་མང་།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “2021ལོ་ནས་བཟུང། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གྱི་གྲོང་མིར་ཡོང་འབབ་མང་དུ་སོང་བ་མ་ཟད། རིར་བསྐྱོད་དེ་ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ་བྱེད་མཁན་གྲོང་མིར་ཡང་ཡོང་འབབ་མང་དུ་ཕྱིན་ཡོད”ཅེས་རྨོག་བཀྲ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཅོ་ལྔ་དབང་འདུས་ཀྱིས་བཤད་པ་དང་། ཁོང་གིས“གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་མཐོང་སྐབས་དེ་སྔ་ཕྱིར་ལས་མི་བྱེད་པར་སྐྱོད་མཁན་གྲོང་མི་ཡང་ཕ་ཡུལ་དུ་ལོག་ནས་ཡུལ་སྐོར་ལས་རིགས་གཉེར་མཁན་ལ་གྱུར་ཏེ་ཡུལ་ལྗོངས་ཡག་པོ་ཡོད་པ་ལས་དངོས་འབྲེལ་ཡོང་འབབ་མང་དུ་ཕྱིན་ཡོད”ཅེས་བཤད།

རྨོག་བཀྲ་གྲོང་ཚོ་དེ་རྫ་ཡུལ་རྫོང་ཚ་བ་རོང་ཤང་གི་ནུབ་རྒྱུད་དུ་གནས་ཤིང་། དེར་གདོད་མའི་ནགས་ཚལ་བརྗིད་ཆགས་ཡིད་དུ་འོང་བ་དང་རྒྱལ་ལམ་219གྲོང་ཚོ་བརྒྱུད་ནས་ཡོད། ཁྱིམ་ཚང་མགྲོན་ཁང་གི་ཐོན་ལས་འཕེལ་རྒྱས་མ་བཏང་གོང་། རྨོག་བཀྲ་གྲོང་ཚོའི་གྲོང་མིས་རྟག་ཏུ་ནགས་ཁྲོད་ཐོན་ཁུངས་འཚོལ་བསྡུ་དང་ཕྱུགས་རིགས་གསོ་ཚགས་སོགས་སྲོལ་རྒྱུན་ཐོན་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།

ཉེ་བའི་ལོ་ཤས་རིང་། རྒྱལ་ལམ་219སྒྱུར་བཀོད་རྒྱས་སྐྲུན་བྱས་པ་ལས་བོད་གྲོང་ལུང་ནས་ཚ་བ་རོང་དང་དེ་ནས་རྫ་ཡུལ་བར་གྱི་ལམ་དུམ་དེ“ཡུན་བོད་ཀྱི་བགྲོད་ལམ་གསར་པའི”ལྟེ་བའི་ལམ་དུམ་ལ་གྱུར་པ་མ་ཟད། རྒྱལ་ལམ་318ཀྱི་རྗེས་སུ་འཁོར་འཁྲིད་ཡུལ་སྐོར་ལ་བསྐྱོད་རྒྱུར་དགའ་པོ་བྱེད་མཁན་ཚོའི་བོད་སྐྱོད་ལམ་ཐིག་ལའང་གྱུར་ཡོད། བོད་གྲོང་ལུང་ནས་ཚ་བ་རོང་དང་དེ་ནས་རྫ་ཡུལ་བར་འཁོར་འཁྲིད་ཡུལ་སྐོར་ལ་སྐྱོད་མཁན་མང་དུ་ཕྱིན་པ་དེས་རྨོག་བཀྲ་གྲོང་ཚོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད། རྨོག་བཀྲ་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་རྫ་ཡུལ་རྫོང་སྲིད་གཞུང་དང་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་རྟོག་ཞིབ་དང་བརྟག་ཞིབ་བྱས་རྗེས་རྨོག་བཀྲ་གྲོང་ཚོའི་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས། ད་ཡོད་ཀྱི་ཐོན་ཁུངས་དང་བེད་མེད་དུ་ལུས་པའི་གྲོང་མིའི་ཁང་པ་བསྡུ་སྒྲིལ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ནས“ཡུལ་སྐོར་དང་ཁྱིམ་ཚང་མགྲོན་ཁང་ཟུང་འབྲེལ”གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུའི་གཏན་འཁེལ་བྱས་པ་རེད།

དེར་བརྟེན་གྲོང་མིའི་སྡོད་ཁང་རེ་རེ་བཞིན་ཞིབ་ཚགས་བསྐྲུན་པ་དེ་དག་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ལ་གྱུར་ཏེ་ཡུལ་སྐོར་བ་དེ་གར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཁྱིམ་ཚང་མགྲོན་ཁང་གཉེར་མཁན་དུད་ཚང་གི་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”དང་ལས་དོན་རུ་ཁག་གིས་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གྲོང་མི་སྒྲིག་འཛུགས་བྱས་ནས་ཆེད་དོན་གསོ་སྦྱོང་བྱེད་པ་དང་། ཁྱིམ་ཚང་མགྲོན་ཁང་གི་དོ་དམ་ལམ་ལུགས་འཛུགས་པ། ཁྱིམ་ཚང་མགྲོན་ཁང་གི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་གནད་སྨིན་འཐུས་ཚང་གི་གཉེར་སྐྱོང་དོ་དམ་བྱེད་སྟངས་ཤིག་འཚོལ་ཞིབ་ཐུབ་ཡོད།

ད་ཆ་རྨོག་བཀྲ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་གྲོང་མི་7ཡོད་པ་དང་མི་10རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ཡོད་པ་རེད། 2020ལོ་ནས་བཟུང་། གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ཐོན་ལས་ཀྱིས་ཡུལ་སྐོར་བ་མི་ཐེངས་1000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་བ་དང་། ཞིང་ལས་ཁྱད་ལྡན་ཐོན་ཟོག་གི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ནས་མི་རེར་ཆ་སྙོམས་སྒོར་4000ལྷག་ཙམ་བྱུང་ཡོད་པ་རེད།

གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེས་རྨོག་བཀྲ་གྲོང་ཚོའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་ཕྱིན་ནས་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་མཉམ་འདྲེས་དང་རང་བྱུང་རི་ཆུའི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ཐོན་ལས་དེ་རྨོག་བཀྲ་གྲོང་ཚོ་དར་རྒྱས་འགྲོ་བའི“སྒུལ་ནུས་གསར་པར”གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།