ཧྭ་གློག་བོད་ལྗོངས་ཀུང་སིས་བོད་ཀྱི་ཆུ་བཟང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པར་ཧྭ་གློག་བོད་ལྗོངས་ནུས་རྒྱུ་ཚད་ཡོད་ཀུང་སི(གཤམ་དུ“ཧྭ་གློག་བོད་ལྗོངས་ཀུང་སི”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཧྭ་གློག་བོད་ལྗོངས་ཀུང་སིས་བོད་ཀྱི་ཆུ་བཟང་གི་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་ནས། ཧྭ་གློག་ཚོགས་པའི་ཁོངས་གཏོགས་ཀྱི་ཀུང་སི་ཁག་དང་དེ་བཞིན་མཁོ་སྤྲོད་མཉམ་ལས་ཚན་པ་ཁག་གིས“5100”དང་། “སྒྲོལ་མ་ཆུ”“སྐལ་བཟང་ཆུ་མིག”སོགས་བོད་ཀྱི་གྲགས་ཅན་རང་བྱུང་འཁྱགས་རོམ་གྱི་འཐུང་ཆུ་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཉོ་ཚོང་གི་རིན་གོང་ཧེ་བག་མངོན་འགྱུར་བྱུང་བའི་ཡོང་འབབ་དེ་དབུལ་སྐྱོར་ཐེབས་རྩའི་ཁོངས་སུ་བརྩིས་ཏེ་དབུལ་སྐྱོར་དང་། སློབ་རོགས། སློབ་གསོ་དར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་ཕན་འབྲས་ཟམ་མི་ཆད་པར་ཐོན་རྒྱུར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

2017ལོ་ནས་ད་བར་ཚོགས་པ་ཀུང་སིའི་འགོ་ཁྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཧྭ་གློག་བོད་ལྗོངས་ཀུང་སིས་ཁྱབ་གདལ་ཧུར་ཐག་བཏང་ནས་བོད་ཀྱི་ཆུ་བཟང་ཡག་པོ་སྤྱོད་མཁན་ཚན་པ་15ནས་30བར་མགྱོགས་མྱུར་མང་དུ་བཏང་བའི་ནང་2021ལོའི་ཟླ་3པ་ནས་ཟླ་10པའི་བར་སྤྱོད་མཁན་ཚན་པ་13མང་དུ་ཕྱིན་ཡོད། 2021ལོའི་ཟླ་9པའི་ཟླ་མཇུག་བར།“5100”དང་།“སྒྲོལ་མ་ཆུ”“སྐལ་བཟང་ཆུ་མིག”སོགས་བོད་ཀྱི་ཆུ་བཟང་བཟོ་གྲྭ་དང་མཉམ་ལས་བྱས་པ་བརྒྱུད་རིམ་རྩིས་བྱས་ན་བོད་ཀྱི་སྤུས་ལེགས་ཆུ་བཟང་བཙོངས་པའི་དངུལ་འབོར་སྒོར་ཁྲི་111ཙམ་ཟིན་ཡོད་པ་རེད།

བོད་ཀྱི་ཆུ་བཟང་གི་དབུལ་སྐྱོར་རྣམ་གྲངས་ཁྲོད་ཧྭ་གློག་བོད་ལྗོངས་ཀུང་སིས“ཧྭ་གློག་ཚོང་གྲོང”གི་དྲ་ཐོག་ཚོང་དོན་ལས་སྟེཌ་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་ཆེད་ཁུལ་བཏོད་ནས་བོད་ཀྱི་ཆུ་བཟང་ཐོན་རྫས་འགྲེམས་སྟོན་དང་ཕྱིར་ཚོང་བྱས་ཤིང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཕྱོཌ་བསྡུས་ཉོ་སྒྲུབ་བྱེད་སྟངས་སྤྱད་ནས“དྲ་སྦྲེལ་+”གྱི་ལེཌ་ཆ་སྤྱད་པས་བོད་ཀྱི་ཆུ་བཟང་ཕྱིར་ཚོང་གི་དངུལ་འབོར་མཐོ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།