ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་སྟེ་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོར། སྙེ་མོ་རྫོང་གཞུ་སྨད་ཤང་ཨང་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་བདེ་སྐྱིད་ལྡན་པའི་གྲོང་གསེབ་གཏོད་རྒྱུ་དམིགས་ཚད་དུ་བྱེད་པ་དང་། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རྒྱུ་ཚད་བརྒལ་སར་བྱེད་པ། དབུལ་སྒྲོལ་སྲ་བརྟན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་འབབ་འཕར་ཧུར་ཐག་ཡོང་བ་བྱེད་རྒྱུ་གཞི་རྟེན་དུ་བྱེད་པ་བཅས་བྱས་ཏེ། བསམ་བློར་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད་མཐའ་འཁྱོངས་ཀྱིས་གྲོང་སྡོད་ལས་དོན་གྱི“འགན་འཁྲི་ཁག་བདུན”དོན་འཁྱོལ་བྱས་པ་རེད།

ཏང་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ནས་གཞི་རིམ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་ཞིང་། ཨང་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་གི་འགག་རྩ་དེར་དམ་འཛིན་ལྷོད་མེད་བྱས་ཏེ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཚོགས་འདུ་དང་། ཏང་ཡོན་གྱི་ཚོགས་ཆེན། མང་ཚོགས་ཀྱི་ཚོགས་ཆེན་འཚོགས་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ཀྱི་ཏང་འཛུགས་སྐྱོང་ཐད་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་ལས་ཀར་བློ་ཡིད་ཚིམ་པོ་ཡོད་མེད་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གཞོགས་འདེགས་འོག་ལས་དོན་རུ་ཁག་གིས་གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གྲོང་ཚོའི་རྣམ་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལེགས་སུ་བཏང་ཡོད།

དམངས་ཀྱི་སེམས་ཁྲལ་བསལ་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཞིང་། ཨང་སྒང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་འགུལ་ངང་ཐོན་ལས་རྣམ་གྲངས་འཕེལ་རྒྱས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བའི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་གཞུ་སྨད་ཤང་གི་ཕག་པ་གསོ་ཚགས་རྟེན་གཞིར་ཐབས་འདོན་ཇུས་འགོད་བྱས་ནས“ཏང་རྩ་འཛུགས+མཉམ་ལས་ཁང+དུད་ཚང་དབུལ་པོའི”གཉེར་སྐྱོང་བྱེད་སྟངས་སྤྱད་པ་དང་། གཞུ་སྨད་ཤང་གི་ཞིང་འབྲོག་པའི་ཁྱད་ལྡན་ཞིང་ཟོག་མཉམ་ལས་ཁང་གཉེར་སྐྱོང་གི་བྱེད་པོར་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི“ལམ་སྲོལ་བཞི”དང་། “ཁྱོན་ཡོངས་ལ་ཁྱབ་པ་གཉིས” “90%གཉིས”བཅས་ཀྱི་རྫོང་ཨུད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཡོད། ཨང་སྒང་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་21དང་ཡོང་འབབ་དམའ་བའི་དུད་ཚང་2ལས་ཀར་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་། དུད་ཚང་རེ་ནས་ངལ་རྩོལ་ནུས་ཤུགས་1རེ་བཏང་སྟེ་མི་4རེ་ཚོགས་ཆུང་1ལ་བགོས་ནས་ཕག་པ་གསོ་ཚགས་ཀྱི་ལས་ཀའི་ནང་ཞུགས་སུ་བཅུག་པ་རེད།

བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ཡོང་བར་སྐུལ་འདེད་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དུས་བབ་གསར་པའི་འོག་གི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་བཙུགས་ནས་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་བརྒྱབ་སྟེ་གནད་ཆེའི་དོན་རྐྱེན་ཚབས་ཆེན་མ་ཐོན་པ་དང་འགན་འཁྲིའི་ལས་འཛོལ་ཚབས་ཆེན་མ་ཐོན་པ་བྱས་ནས། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།