ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“དབེན་པའི་ཞིང་ཁམས”ཤིང་མཚོ་ཡི་མཛེས་ཉམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

པར་འདི་ནི་མཛེས་ལྗོངས་ཁུལ་གྱི་གནའ་བོའི་ཆུ་ཟམ་ཞིག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤིང་མཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་བྱང་ཤར་རྒྱུད་ཀྱི་སྤྱི་ལེ30ལྷག་གི་མཚམས་སུ་གནས་ཡོད། དེ་གར་སླེབས་པའི་མི་ཚོས་ཤིང་མཚོའི་མཛེས་པ་ནི་བྲག་གསུམ་མཚོ་ལས་མི་སྨོད་པར། སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཅེས་བརྗོད་བཞིན་ཡོད། ཤིང་མཚོར་རྒྱུས་ལོན་བྱེད་མཁན་སྔར་བས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས་དེ་ཉིད་ཀྱང་རིམ་བཞིན་དྲ་ཐོག་ཏུ་སྐད་གྲགས་ཆོད་པའི་ས་ཆ་ཞིག་ཏུ་གྱུར་ཡོད། མི་མང་པོས་བྲག་གསུམ་མཚོའི་མཛེས་ལྗོངས་ལ་ལྟ་སྐོར་བྱས་རྗེས། རྟ་བཞོན་པའམ་ཡང་ན་རླངས་འཁོར་འདུག་པ། རྐང་ཐང་བཅས་ཀྱིས་ཤིང་མཚོར་བསྐྱོད་ནས་དེའི་མཛེས་ལྗོངས་ལ་ལྟ་བཞིན་མཆིས། །

22.jpg

པར་འདི་ནི་ཡུལ་སྐོར་བས་སྣང་བ་སྐྱིད་པོའི་ངང་འཆམ་འཆམ་བྱེད་བཞིན་པའི་རྣམ་པ་རེད།

33.jpg

པར་འདི་ནི་མཛེས་ལྗོངས་ཁུལ་གྱི་ཆུ་ཕྲན་དང་། གདོད་མའི་ནགས་ཚལ། སྤང་ལྗོངས། གངས་རི་བཅས་ཀྱི་མཛེས་ཉམས་རེད།

44.jpg

པར་འདི་ནི་ཤིང་མཚོའི་མཛེས་ལྗོངས་ཁུལ་གྱི་གངས་རི་རེད།

55.jpg

པར་འདི་ནི་ནགས་ཚལ་གྱི་ཟུར་ཞིག་རེད།

66.jpg

པར་འདི་ནི་ཡུལ་སྐོར་བས་ལྗོངས་གཟིགས་སྟེགས་བུའི་ཐོག་མཛེས་ལྗོངས་པར་ལེན་བཞིན་པའི་རྣམ་པ་རེད།

77.jpg

པར་འདི་ནི་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་རྩེད་འཇོར་རོལ་བཞིན་པའི་རྣམ་པ་རེད།

88.jpg

པར་འདི་ནི་ཤིང་མཚོའི་མཐའ་སྐོར་གྱི་མཛེས་ལྗོངས་རེད།

99.jpg

པར་འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་མཛེས་ལྗོངས་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།