2022ལོའི་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་དཔྱིད་གསར་སྐྱེལ་འདྲེན་མགོ་ཚུགས་པ།

W020220120321219092950.png

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐངT3མཁའ་འགྲུལ་ཐོག་ཁང་གི་དང་བླངས་པའི་ཞབས་ཞུ་ས་ཚིགས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཟླ1པའི་ཚེས17ཉིན་ནས་ཟླ2པའི་ཚེས25ཉིན་བར་བསྡོམས་པས་ཉིན40རིང་སྤེལ་རྒྱུ་རེད། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་དོ་དམ་ཅུའུ་ཡིས་སྔོན་དཔག་བྱས་པ་ལྟར་ན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དུས་གཏན་གནམ་གྲུ་ཐེངས5751དང་། འགྲུལ་པ་མི་ཐེངས་ཁྲི55.14། དངོས་ཟོག་ཏུན3995.2བཅས་ལ་འགན་ལེན་བྱ་རྒྱུ་ཡིན་ལ། དེ་དག་ལོ་གོང་མའི་དུས་མཉམ་ལས་སོ་སོར11.7%དང་། 11.3%། 8.8%འཕར་ཡོད། 

ཤེས་གསལ་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་རིང་། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་སིས་ཉིན་རེར་དུས་གཏན་གནམ་གྲུ་གཅིག་ཇེ་མང་དུ་གཏོང་རྒྱུ་ཡིན་ལ། མཁའ་འགྲུལ་ལམ་དུམ་ནི་ཁྲེང་ཏུའུ་ཐན་ཧྥུའུ་གནམ་གྲུ་ཐང་ནས་ལྷ་ས་བར་དང་། ལྷ་ས་ནས་ཁྲེང་ཏུའུ་ཐན་ཧྥུའུ་གནམ་གྲུ་ཐང་དུ་འཕུར་རྒྱུ། ཁྲུང་ཆིང་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས། ཉི་མ་བཅས་སུ་ཉིན་རེར་དུས་གཏན་གནམ་གྲུ་གཅིག་ཇེ་མང་དུ་གཏོང་རྒྱུ་དང་། མཁའ་འགྲུལ་ལམ་དུམ་ཁྲུང་ཆིང་ནས་ལྷ་ས་དང་། ལྷ་ས་ནས་ཁྲུང་ཆིང་བར་གཏོང་རྒྱུ་རེད། །

W020220120321219875176.png

པར་འདི་ནི་དང་བླངས་པས་འགྲུལ་བར་གློག་རྡུལ་འགྲོ་ལུགས་སྒྲུབ་པར་རོགས་རམ་བྱེད་བཞིན་པའི་རྣམ་པ་རེད།

W020220120321220524041.png

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འགྲུལ་བས་ལས་དོན་མི་སྣར་མངགས་འདྲེན་སྐོར་གྱི་ལས་དོན་བློ་འདྲི་བྱེད་བཞིན་པའི་ཚུལ་རེད།

W020220120321222255199.png

པར་འདི་ནི་རིམས་འགོག་ལས་དོན་མི་སྣས་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་ཚོམས་ཆེན་དུ་ཁོར་ཡུག་མ་དཔེ་ལེན་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།