ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཐེངས་གྲངས་ཁྲི826བརྒྱབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་མང་ཚོགས་ཞིག་ལ་འགོག་སྨན་རྒྱག་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཕྱི་ནས་ནང་མཆེད་འགོག་པ་གཙོ་གནད་ལས་དོན་དུ་བརྩིས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བླང་བྱ་གཙོ་བོར་བཟུང་བ་དང་། འགོག་སྨན་རྒྱག་རྒྱུ་དེ་ནུས་ལྡན་བྱེད་ཐབས་དུ་བརྩིས་ནས་འགོག་སྡོམ་བྱེད་ཐབས་ལ་དམ་འཛིན་ནན་པོ་བྱས་པ་རེད། ཤེས་གསལ་ལྟར་ན། 2022ལོའི་ཟླ1པོའི་ཚེས16ཉིན་བར་དུ་བོད་ལྗོངས་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཐེངས་གྲངས་ཁྲི826བརྒྱབ་ཡོད་ཅིང་། ལོ་ན3ཡན་གྱི་མི་ཚོགས་ལ་འགོག་སྨན་རྒྱག་ཚད96.43%ལ་སླེབས་པ་དང་། ཆ་རྐྱེན་དང་མཐུན་པའི་མི་ཚོགས་ཀྱི་འགོག་སྨན་རྒྱག་ཚད64.5%ལ་ཟིན་ཡོད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་ལྟར་ན། 2021ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་སྒྲིག་གཞི་དང་སྨན་ཁང་གི་འགོག་སྡོམ་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལྷུ་ཚིགས་ཞན་སར་འགོག་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་ཁུལ་དུ“ཡུལ་དངོས་བཤེར་ཨང”ཁྱབ་གདལ་དང་བེད་སྤྱོད་བཏང་བ་མ་ཟད། དེ་དང་ཆབས་ཅིག་དུས་ཐོག་ཏུ་གནས་ཚུལ་ལ་གཞིགས་ནས་འགོག་སྨན་རྒྱག་པའི་ཐབས་ཇུས་ལེགས་སྒྲིག་བྱས་ནས། སྔ་རྗེས་སུ་དུས་བཀར་ནས་ལོ18ནས་ལོ59བར་གྱི་མི་ཚོགས་དང་། ལོ60ཡན་གྱི་རྒན་རྒོན། ལོ12ནས17བར་གྱི་མི་ཚོགས། ལོ3ནས11བར་གྱི་མི་ཚོགས་བཅས་ལ་འགོག་སྨན་བརྒྱབ་པ་དང་། ལོ18ཡན་གྱི་མི་ཚོགས་ཀྱི་རིམས་ནད་འགོག་ཤུགས་སྔར་བས་ཆེ་རུ་བཏང་སྟེ། མི་ཚོགས་ལ་སྤུས་ཚད་མཐོ་བའི་རིམས་འགོག་སྲུང་ཡོལ་གང་མགྱོགས་བསྐྲུན་ཆེད། མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། 2022ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་པྲོག་གསར་གློ་ཚད་འགོག་སྡོམ་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་པ་དང་། ཕྱོགས་སོ་སོའི་འགན་འཁྲི་རྒྱུན་ཆད་མེད་པར་དོན་འཁྱོལ་དང་གནད་འཁེལ་དམིགས་ཚད་དོ་དམ་བྱས་ཏེ། ལོ60ཡན་གྱི་རྒན་རྒོན་ཚང་མར་འགོག་སྨན་རྒྱག་པ་དེ་བོད་ལྗོངས་ཡོངས་ཀྱི་ལས་དོན་ཞིག་ཏུ་བརྩིས་ནས། ཆ་རྐྱེན་དང་མཐུན་པའི་མི་ཚོགས་ལ་འགོག་སྨན་གསུམ་པ་རྒྱག་རྒྱུར་ཤུགས་ཆེ་རུ་བཏང་སྟེ། འགོག་སྨན་རྒྱག་ཆོག་པའི་མི་ཚང་མར་འགོག་སྨན་རྒྱག་པ་མངོན་འགྱུར་དང་། འགོག་སྨན་རྒྱག་པའི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། བོད་ལྗོངས་ཡོངས་སུ་མི་ཚོགས་ཀྱི་རིམས་འགོག་སྲུང་ཡོལ་སྔ་ཙམ་གཏོད་པ་སོགས་ཀྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ནས། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཐད་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་ཞེས་བསྟན།

གཞན་ཡང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱ་ཆེའི་མང་ཚོགས་རྣམས་ལ་འགོག་སྨན་གྱིས་ནད་འགོས་པ་དང་། སླར་ཡང་མཆེད་པ། ནད་གཞི་ཚབས་ཆེན་དང་ཤི་བ་སོགས་སྔོན་འགོག་བྱེད་པར་ཕན་ཐོགས་པས། ཧུར་ཐག་སྒོས་འགོག་སྨན་རྒྱག་པ་དང་རང་འགུལ་ངང་རྒྱག་པ། སྔ་ཙམ་རྒྱག་པ་བཅས་བྱེད་དགོས་པའི་དྲན་སྐུལ་བྱས། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།