ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ལོ་གསར་གྱི་མཁོ་ཆས་འཛད་སྤྱོད་ཀྱི་སྐུལ་སྤེལ་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན། རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་ལྷ་ས་སྣེའུ་དབན་ཏཱ་ཚོགས་པས་གཙོ་གཉེར་བྱས་པའི“དཔྱིད་གསར་བསུས་ནས་འགོ་ཡག་པོ་འཛུགས་པ་དང་། སྟག་ལོའི་ལོ་གསར་ལ་དགའ་བདེའི་དཔལ་ལ་རོལ”ཞེས་པའི་ལོ་གསར་གྱི་མཁོ་ཆས་འཛད་སྤྱོད་ཀྱི་སྐུལ་སྤེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཐེངས་འདིའི་བྱེད་སྒོས“དམངས་བདེ་དང་། དམངས་ཕན”ལ་ཤུགས་རྒྱག་རྒྱུར་དམིགས་པ་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོ་སྐབས་སུ་འཛིན་པ། འཛད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བཀྲ་ཤིས་འཆམ་མཐུན་གྱི་ལོ་གསར་གྱི་རྣམ་པ་གཏོད་པ་བཅས་བྱས་ནས་མང་ཚོགས་ཀྱི་འཛད་སྤྱོད་སྤྲོ་སེམས་འཕེལ་བར་བྱས་པ་རེད།

རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་མི་སྣས། ཐེངས་འདིའི་འཛད་སྤྱོད་བྱེད་སྒོར་དཔྱིད་གསར་བསུ་བའི་ཟོག་ཉོའི་ནམ་དུས་དང་། དྲ་ཐོག་ལོ་གསར་གྱི་ཉེར་མཁོའི་དུས་ཆེན། གནམ་གང་དགོང་མོའི་གསོལ་ཚིགས་མངགས་སྐྱེལ། དཔྱིད་གསར་རླངས་འཁོར་ཉོ་བའི་ནམ་དུས། བཅོས་སྣུམ་འཛད་སྤྱོད་དུས་ཆེན། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་གྲོང་གསེབ་ཏུ་འཚོང་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཚུད་པ་དང་། རང་ལྗོངས་ཀྱི་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔར་བས་འཕེལ་བར་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་བསྐངས་ཏེ་2022ལོའི་དུས་ཚིགས་དང་པོའི་འཛད་སྤྱོད་སྐུལ་སྤེལ་གྱི“འགོ་ཡག་པོ་འཛུགས་ཐུབ་པའི”བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།