ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་འགྲུལ་བཞུད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

477f6a2b-5ee6-4201-8a6d-88a60ab32525.jpg

འདི་ནི་དང་བླངས་པས་ལྷ་ས་གོང་དཀར་གནམ་ཐང་དུ་འགྲུལ་པར་དྲ་ཐོག་ནས་འགྲོ་ལུགས་གཉེར་རོགས་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། དུས་ཡུན་ཉིན་40ཡི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་པ་རེད། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། བོད་དུ་འཕུར་སྐྱོད་ཀྱི་འགན་འཁུར་མཁན་མཁའ་འགྲུལ་ཀུང་སིས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཁྲང་ཧྲ། ལན་ཀྲོའུ། ནན་ཅིང་། ཏ་ལི། ལུའུ་ཀྲོའུ། དབན་ཀྲོའུ་བཅས་ཕྱོགས་8ནས་ཉིན་ལྟར་དུས་གཏན་གནམ་གྲུ་8ནས་9བར་མང་དུ་གཏོང་རྩིས་ཡོད་པ་རེད། སྔོན་དཔག་བྱས་པར་གཞིགས་ན། བོད་དུ་འགྲོ་འོང་བྱེད་མཁན་དུས་གཏན་གནམ་གྲུ་ཐེངས་གྲངས་5751ཟིན་ནས་འགྲུལ་པ་མི་ཐེངས་ཁྲི་55ལྷག་ཙམ་གྱི་འགྲུལ་བཞུད་འགན་ལེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་11.7%དང་11.3%སོ་སོར་འཕར་རྒྱུ་རེད།

དེ་དང་ཆབས་ཅིག དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་མཁའ་དབྱིངས་ནས་རིམས་ནད་མ་འགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་དམ་དུ་བཏང་སྟེ་མི་དང་། དངོས་པོ། ཁོར་ཡུག་བཅས་གསུམ་ཀ་ནས་རིམས་ནད་མ་འགོས་པ་ཧུར་ཐག་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།