ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཀྱིས་དུས་ཆེན་གྱི་ཁྲོམ་རའི་གནས་ཚུལ་ལ་ཞིབ་བཤེར་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་འཁྲིད་དེ། ལྷ་ས་གྲོང་ཁྱེར་དུ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་བཟའ་བཅའི་བདེ་འཇགས་སོགས་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་། འཐབ་ས་དང་པོ་སྲུང་མཁན་ཁྲོམ་ར་ལྟ་འདོམས་ཁྲིམས་འཛིན་ཞིབ་བཤེར་གྱི་ལས་དོན་པར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་བཟའ་བཅའ་ལྟ་ཞིབ་ཚད་ལེན་ལྟེ་གནས་དོག་སྡེ་ལམ་མྱུར་བཤེར་ས་ཚིགས་དང་། དོག་སྡེ་ལམ་ཕྱོགས་བསྡུས་ཞིང་ཞོར་ཁྲོམ་ར། ཚེས་གསུམ་ཐང་དཀྱིལ་ལམ་ཚགས་ཤ་ཕྱིར་ཚོང་ས་ཚིགས་སོགས་སུ་ཕེབས་ནས། མྱུར་བཤེར་ས་ཚིགས་འཛུགས་སྐྲུན་དང་གཉེར་སྐྱོང་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་དང་། ཞིང་ཞོར་ཁྲོམ་ར་སོགས་ཀྱི་ཤ་ཚལ་སྒོང་གསུམ་དང་འོ་མ་སོགས་དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་དང་། སྤུས་ཚད། རིན་གོང་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་གནང་དོན། དུས་ཆེན་རིང་ཁྲོམ་རའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་ལོ་གསར་གྱི་མཁོ་ཆས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ། འཚོ་བའི་མཁོ་ཆས་ཀྱི་མཁོ་སྤྲོད་མཚམས་མི་ཆད་པ་དང་ཕྱིར་ཚོང་མཚམས་མི་འཇོག་པའི་འགན་ལེན་གྱིས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་དགོས། སྤུས་ཚད་དང་རིན་གོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོའི་བྱེད་ཐབས་དོན་འཁྱོལ་བྱས་ནས། ཁྲོམ་རའི་ཚོང་ཟོག་སྣ་ཚོགས་ཀྱི་སྤུས་ཚད་བློས་འགེལ་ཆོག་པ་དང་རིན་གོང་བརྟན་པོ་ཡོང་བར་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་ཡག་པོ་སྲུང་དགོས། བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དུས་ཆེན་རིང་གི་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།