ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་སྒུལ་འཁོར་གྱི་དུས་རབས་སུ་ཐོག་མར་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

src=http___tibet.news.cn_2021-06_25_1310027622_16246117720701n.jpg&refer=http___tibet.news.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད8ཀྱི་སྟེང་བོད་ལྗོངས་ལྷ་སའི་མེ་འཁོར་འབབ་ཚུགས་སུ་མི་ཚོགས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། མི་འགྱངས་བར་ཤར་གཏོང་བྱེད་རྩིས་ཡོད་པའི་མཐོ་སྒང་གི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གཉིས་ཀྱི་ནང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། “བསྐྱར་དར་རྟགས་ཅན”གྱིས“འཛམ་གླིང་ཡང་རྩེའི”དཔྱིད་གསར་སྐྱེལ་འདྲེན་ཐོག་མའི་མགོ་ཚུགས་པ་རེད།

“ངས་ལྷ་སར་ལོ3རིང་ཞོར་ལས་བྱས་པ་དང་། འདི་ནི་ཐེངས་དང་པོར་སྒུལ་འཁོར་ལ་བསྡད་ནས་ཕ་ཡུལ་དུ་ལོག་པ་ཡིན། ཉིན་འགའི་སྔོན་ཨར་ལས་བྱ་ཡུལ་དུ་དགུན་དུས་ལས་མཚམས་བཞག་པ་དང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི5ལྷག་ཡོད་པས། ད་ལྟ་ཕ་ཡུལ་དུ་ལོག་ནས་ཁྱིམ་མི་དང་ལྷན་འཛོམས་བྱུང་རན་འདུག”ཅེས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གི་དོན་གྲུབ་ཀྱིས་སྤ་སེ་ཞིབ་བཤེར་བྱས་ནས་འབབ་ཚུགས་སུ་བསྐྱོད།

ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད8ཀྱི་སྟེང་ལམ་དུ་ཆས་པའི་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་ཨང་རྟགསC891ནང་འགྲུལ་པ680སྐྱེལ་འདྲེན་བྱས་ཡོད། དོན་གྲུབ་སྡོད་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ཨང་རྟགསC881ཆུ་ཚོད8དང་སྐར་མ20སྟེང་ལམ་ཆས་བྱས་པ་དང་མེ་འཁོར་ནང་འགྲུལ་པ219ཡོད། “ལོ་འགའི་སྔོན། ལྷ་ས་དང་ཉིང་ཁྲིར་ཕར་འགྲོ་ཚུར་འོང་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་པའི་ཚེ་ཉིན་ཕྱེད་ཙམ་འགོར་བ་དང་། ད་ལྟ་སྒུལ་འཁོར་དུ་བསྡད་ན་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོན་འདུག དུས་ཚོད་འགོར་འགྱངས་མི་བྱེད་མ་ཟད། སྔར་བས་བདེ་འཇགས་ཀྱང་རེད”ཅེས་བཤད།

2021ལོའི་ཟླ6པར། སྤྱིའི་རིང་ཚད་ལ་སྤྱི་ལེ435ཡོད་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ནས་གཉེར་སྐྱོང་བྱེད་མགོ་ཚུགས་ཤིང་། དེས་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས31ཚང་མར་ཁྱབ་པ་དང་། བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་བྱ་འཕུར་བ་ལྟ་བུའི་མེ་འཁོར་དང་བསྟུན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་པ་མཚོན་ཡོད།

ལྷ་ཉིང་ལྕགས་ལམ་ཤར་གཏོང་བྱས་པ་ནས་བཟུང་། མྱུར་བགྲོད་སྒུལ་འཁོར་གཉིས་དང་མྱུར་ཚད་སྤྱིར་བཏང་གི་མེ་འཁོར་གཅིག་ལྷ་ས་དང་ཉིང་ཁྲི། ལྷོ་ཁ། གཞིས་ཀ་རྩེ་སོགས་གྲོང་ཁྱེར་དུ་བསྐྱོད་བཞིན་ཡོད་པས། ལམ་རྒྱུད་ཀྱི་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ལོ་མཇུག་བར་ལྷ་ཉིང་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི62.1དང་དངོས་ཟོག་ཏུན7900ལྷག་སྐྱེལ་འདྲེན་བྱས་པ་དང་། བསྐྱར་དར་རྟགས་ཅན་ལ་བསྡད་ནས་འགྲོ་སྐྱོད་བྱ་རྒྱུ་དེ་ལམ་རྒྱུད་མང་ཚོགས་ཀྱི་གདམ་གསེས་དང་པོར་གྱུར་ཡོད།

ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་མགོ་གཙོ་ཝང་ཧྥུའུ་ཡིས། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་དཔྱིད་གསར་སྐྱེལ་འདྲེན་ཐོག་མ་ཡིན་པ་དང་། སྔོན་དཔག་བྱས་ན་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་སའི་མེ་འཁོར་འབབ་ཚུགས་སུ་འགྲུལ་པ་མི་ཐེངས་ཁྲི20དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས5000ལྷག་དབོར་འདྲེན་བྱ་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས“མཁའ་ལམ་སྐལ་བཟང་མེ་ཏོག”ཞབས་ཞུའི་སྤུས་རྟགས་འཛུགས་སྐྲུན་དངོས་སུ་སྤེལ་མགོ་ཚུགས་ཤིང་། དེའི་ནང་མཚོ་སྔོན་དང་བོད་ལྗོངས་གཉིས་ཚུད་ཡོད་པ་དང་། “སྐལ་བཟང་མེ་ཏོག་གི་དྲི་ཞིམ་ལེ་དབར་སྟོང་ལ་མཆེད་པ། མཁའ་ལམ་གྱི་ཟོལ་མེད་བརྩེ་སེམས་མངོན་པ”ཞེས་པའི་བརྗོད་གཞིར་དམིགས་ཏེ། རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ལ་ཞབས་ཞུ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱ་ཆེའི་འགྲུལ་པར་སྔར་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།