ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་བོད་ལྗོངས་ཀྱིས་ལྗོངས་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས2ནས3གསར་སྐྲུན་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་ཡོངས་ཀྱི་བདེ་ཐང་མེད་ན། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཡོད་མི་སྲིད། 2021ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཚུགས་པའི་ལོ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གཞིར་བཟུང་། 2021ལོའི་ལས་འགན་ལ་རྐང་ཚུགས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དམིགས་ཚད་ལ་ཁ་ཕྱོགས་པ། འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཁག་ལ་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་བཏང་བ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་ཞིག་འཛུགས་རྒྱུ་མངོན་འགྱུར་བྱུང་ཡོད།

འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་ཁག་ལ་ཕན་འབྲས་ཐོབ་པ།

ངོ་སྤྲོད་བྱས་པ་ལྟར་ན། 2021ལོར་བོད་ལྗོངས་ཀྱིས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་མགོ་བརྩམས་ཏེ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ཆགས་སྟངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་བོད་ལྗོངས་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གཙོ་གནད་རྫོང་དུ་རྒྱ་སྐྱེད་བཏང་སྟེ། “1+7”སྨན་ཁང་གི“སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་ལྔ”ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། “ལྟེ་གནས་ཆེན་པོ་ལྔ”འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་བྱེད་ཚད་ཁྲི1.3ལྷག་ཟིན་པ། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་མྱུར་སྐྱོབ་ཐུབ་ཚད90%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་རེད། ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔོན་མངགས་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ232བདེ་བླག་ངང་མཐར་ཕྱིན་བྱས་ཏེ། རྫོང(ཆུས)68ཀྱི་མཐའ་མཚམས་ཀྱི་ས་བབ་མཐོ་བའི་ཤང་གྲོང་འཕྲོད་བསྟེན་ཁང213ལ་བགོ་བཤའ་བརྒྱབ་པ་རེད།

མ་བུ་བདེ་ཐང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། 2021ལོའི་ཟླ11པའི་ཟླ་མཇུག་བར། བོད་ལྗོངས་ཀྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད98.7%ཟིན་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དེ2020ལོའི་དུས་མཉམ་དང་བསྡུར་ན་ཆག་ཡོད། བྱིས་པའི་བདེ་སྲུང་དང་མིག་ཤེད་ལ་ཞིབ་བཤེར་བྱས་ཏེ། བྱིས་པའི་ལེགས་བཅོས་འཆར་གཞི་ལག་བསྟར་བྱས་ནས་བྱིས་པ་ཁྲི9.57ལ་ཕན་ཐོགས་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དམ་འཛིན་བྱ་གཞིར་བྱས་ནས། བོད་ལྗོངས་སུ་ཁྱབ་པའི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཚོགས་པ2952བཙུགས་པ་དང་། མི་ཐེངས་ཁྲི199.8ལྷག་ལ་གན་རྒྱ་བཞག

ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱ་འགུལ་གཏིང་ཟབ་སྤེལ་བ།

རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། གྲུམ་བུ་ཚིགས་ཆེན་གྱི་ནད་པ་སྐྱོབ་བཅོས་རོགས་སྐྱོབ་བྱ་སྤྱོད་སྤེལ་མགོ་ཚུགས་ནས། གྲུམ་བུ་ཚིགས་ཆེན་གྱི་ནད་པ3598ཞིབ་བཤེར་བྱས་པ་དང་། 2022ལོའི་ལོ་མཇུག་གོང་ཚང་མ་སྐྱོབ་བཅོས་བྱ་རྒྱུ་རེད།

ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གྲལ་བཤེར་དང་སྐྱོབ་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ལྗོངས་ཕྱི་ནང་གི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་སྨན་ཁང་དང་། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི། སྐྱོབ་བཅོས་ཀྱི་བརྒྱུད་རིམ། སྐྱོབ་བཅོས་འགྲོ་གྲོན་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཁ་གསལ་བཟོས་ཡོད།2021ལོའི་ལོ་མཇུག་ཏུ་ལོ18ཡན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ276ལ་གཤགས་བཅོས་བྱས་ཡོད།

དེ་དང་ཆབས་ཅིག “‘དྲ་སྦྲེལ+སྨན་བཅོས་བདེ་ཐང’ཤང་གྲོང་གི་རིམ་པ་དང་པོར་ཁྱབ་པའི”དམིགས་ཚད་ལས་འགན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། སྟབས་བདེ་དང་། ནུས་ཆེ། རིག་ལྡན་བཅས་ཀྱི་སྨན་བཅོས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་དེ་བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་གྱི་གྲོང་མི་ཡོངས་ལ་ཁྱབ་ཡོད། བོད་རང་སྐྱོང་ལྗོངས་རྒྱང་བསྟེན་ནད་དཔྱད་ལྟེ་གནས་དང་ལྗོངས་ནང་ཁུལ་གྱི་གནས་གཏན་འཁེལ་སྨན་ཁང་གི་གཟུགས་བརྙན་རིག་པའི་མི་ཐབས་རིག་ནུས་ཀྱི་གྲལ་བཤེར་མ་ལག་བསྐྲུན་ཤིང་། དེ་སྤྱད་ནས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་གདལ་བཏང་སྟེ། བོད་ལྗོངས་ཀྱི་རིམ་པ་ཁག་གི་སྨན་ཁང་གིས་འདུས་འདྲིལ་གཅོང་ནད་ཕོག་པའི་ནད་པ་ཤེས་རྟོགས་ཐུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་།

སྤྱི་པའི་འཕྲོད་བསྟེན་མ་ལག་སྔར་བས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ།

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས2022ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་པའི་འཕྲོད་བསྟེན་མ་ལག་སྔར་བས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་མཐོ་སྒང་ནད་ཀྱི་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་བཏང་ནས། བོད་རང་སྐྱོང་ལྗོངས་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས2ནས3གཏོད་པ་བརྩོན་ལེན་བྱ་རྒྱུ་དང་། གྲོང་ཁྱེར(ས་ཁུལ)རིམ་པ་ཡན་གྱི་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་བཅོས་ཚན་ཁག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”དང“དྲ་སྦྲེལ་སྨན་ཁང”ཟུང་འབྲེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།

བྱིས་པའི་ལྷན་སྐྱེས་སྙིང་ནད་དང་གྲུམ་བུ་ཚིགས་ཆེན་ནད་སྐྱོབ་བཅོས་རོགས་སྐྱོབ་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་བ་དང་། བུད་མེད་ཀྱི“སྐྲན་ནད་གཉིས”གྲལ་བཤེར་ལ་མུ་མཐུད་སྐུལ་འདེད་གཏོང་བ། ལོ་ན་རན་པའི་བུད་མེད་ལHPVརིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་གཏོང་བ། འདུས་འདྲིལ་གཅོང་ནད་འགོག་པའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འདུས་འདྲིལ་གཅོང་ནད་ཕོག་མཁན་ལ་ཚད་ལྡན་སྨན་བཅོས་བྱེད་པ་བཅས་བྱས་ཏེ། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རྫོང་མི་དམངས་སྨན་ཁང13བར་རྒྱ་སྐྱེད་གཏོང་བ། མཁོ་ཆོད་སྨན་པ་དང་མཐོ་རིམ་ཤེས་ལྡན་མི་སྣ། མཁོ་གལ་ཆེ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་སྨན་པའི་ཚད་ལྡན་ཅན་གྱི་ཞབས་ཞུར་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་བརྒྱུད་སྤེལ་གསར་སྐྲུན་འཕེལ་རྒྱས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་བཅོས་དང་ནད་འགོག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས།

གཞན་ཡང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་ལ་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པར་རྒྱབ་སྐྱོར་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་ཤང་གྲོང(རྫོང་མཁར)15དང་བོད་རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་གྲོང་ཚོ་30བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།