ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཆིང་ནུའོ་ཚན་རྩལ་ཐོན་ལས་གསོ་སྐྱོང་གླིང་གིས་ལྷོ་ཁའི་ལས་སྐྲུན་ལས་ཞུགས་ཞབས་ཞུའི་མིག་དཔེ་བཏོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཆིང་ནུའོ་ཚན་རྩལ་ཐོན་ལས་གསོ་སྐྱོང་གླིང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣའི་ལས་དོན་ས་ཚིགས་དང་། ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆེན་སློབ་མའི་གསོ་སྐྱོང་རྟེན་གཞི། ལྷོ་ཁ་གྲོང་ཁྱེར་གྱི་ཚན་རྩལ་ཁེ་ལས་གསོ་སྐྱོང་རྟེན་གཞི་བཅས་ལས་སྟེགས་ཆེན་པོ་གསུམ་ལ་བརྟེན་ནས“ཚན་རྩལ་དང་ཐོན་ལས། ཤེས་ལྡན་མི་སྣ། ལས་ཞུགས”བཅས་ལ་དམིགས་ཏེ། ལྷོ་ཁའི་ལས་སྐྲུན་ལས་ཞུགས་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་ལྷོ་ཁའི་ལས་གཏོད་ལས་ཞུགས་ཞབས་ཞུའི་མིག་དཔེ་བསྐྲུན་པ་རེད།

ཧུའུ་པེ་ཆིང་ནུའོ་ཁེ་ལས་གསོ་སྦྱོང་གཉེར་སྐྱོང་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཀོ་ཧྥུའུ་ཀུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། གསོ་སྐྱོང་གླིང་དུ་ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་ལྗོངས་ཕྱི་ནང་དུ་ལས་ཞུགས་ལས་གཏོད་བྱེད་པར་མཛུབ་ཁྲིད་སྤེལ་རེས་ལག་ལེན་ལྟེ་གནས་བཙུགས་ཏེ། ལྗོངས་ཕྱིའི་ལས་ཞུགས་སློབ་ཆེན་སློབ་མ་གདན་ཞུ་བྱས་ནས་བོད་ལྗོངས་སུ་ཡོད་པའི་སློབ་ཆེན་སློབ་མར་སྤེལ་རེས་བྱེད་པ་དང་། བོད་ལྗོངས་སུ་ཡོད་པའི་སློབ་ཆེན་སློབ་མ་ལྗོངས་ཕྱིར་ལས་གཏོད་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ། རྣམ་གྲངས་མཉམ་ལས་ཞིབ་འཇུག་དང་། རིག་གཞུང་སྤེལ་རེས། ཚན་རྩལ་ཤེས་ལྡན་པ་མངག་གཏོང་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། ལྷོ་ཁའི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད། མ་འོངས་པར། གསོ་སྐྱོང་གླིང་གིས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོ་དང་། རིགས་ཁག་གི་རྩལ་ནུས་འགྲན་བསྡུར། ཤེས་ལྡན་པའི་གདན་ཞུའི་ཚོགས་འདུ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོ། སློབ་ཆེན་སློབ་མའི་དྲ་སྦྲེལ་འགྲན་བསྡུར་ཆེན་མོ་སོགས་ཀྱི་བྱ་འགུལ་ནང་མུ་མཐུད་ཞུགས་ནས། ཧུའུ་པེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་ཁེ་ལས་དང་ཞིབ་འཇུག་སྒྲིག་གཞི་ཡིས་ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་སློབ་ཆེན་སློབ་མའི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་སློབ་ཆེན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱ་རྒྱུར་ལྕག་སྐུལ་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་དང་ཧུའུ་པེ་ཞིང་ཆེན་གྱི་སྐོར་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག བོད་ལྗོངས་ཆིང་ནུའོ་ཚན་རྩལ་ཐོན་ལས་གསོ་སྐྱོང་གླིང2019ལོར་ལྷོ་ཁ་གྲོང་ཁྱེར་འབྲི་ཆུའི་བྱང་རྒྱུད་ཁུལ་གསར་དུ་དངོས་སུ་བཙུགས་པ་རེད། གསོ་སྐྱོང་གླིང་གིས་མཐོ་སྒང་གི་སྐྱེ་ཁམས་དང་། ཡུལ་སྐོར་རིག་གནས། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། མཐོ་གསར་གྲངས་གཞི། མཐའ་མཚམས་ཚོང་དོན་གྱི་ཟོག་འགྲེམས་སོགས་ཐོན་ལས་གཙོ་གནད་དུ་ནང་འདྲེན་དང་སྐྱེད་སྲིང་བྱས་པས། དམིགས་བསལ་གྱི་གླིང་ཁུལ་དང་། ཐོན་ལས། དངུལ་རྩ། ལག་རྩལ། མ་རྩ། ཐོན་ལས་བཅས་ཟུང་དུ་སྦྲེལ་བ་དང་། སྲིད་གཞུང་དང་ཁེ་ལས། སློབ་ཆེན་བཅས་ཟུང་དུ་འབྲེལ་བའི་ལངས་གཟུགས་རྣམ་པ་ཞིག་ཆགས་ཡོད། མིག་སྔར། ཨན་ཆིའི་སྐྱེ་དངོས་དང་ཆི་ཏི་ཁོར་ཡུག་སོགས་ཚན་རྩལ་རྣམ་པའི་ཁེ་ལས་དང་ལས་གཏོད་དཔུང་ཁག་ཡོད་ཅིང་། བསྡོམས་པས་ཁེ་ལས26གསོ་སྐྱོང་གླིང་དུ་ཞུགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།