ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ནུས་ཡོད་རྒུས་དམངས་འཚོའི་དཀའ་གནད་སེལ། བློ་ཡིད་ཚིམ་པའི་དམངས་འཚོའི་རྒྱུགས་ལན་འབུལ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སྣེའུ་ཁུལ་གསར་དུ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ།

ཉེ་བའི་ལོ་ཤས་རིང་། སྣེའུ་ཁུལ་གསར་གྱིས་གསོན་ཤུགས་དང་། སྡོད་མལ། བདེ་སྐྱིད་བཅས་ལྡན་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་དང“དོ་ཁུར་བྱེད་པའི”གནད་དོན་ལ་དམིགས་ནས། གནད་སྨིན་ཇུས་འདོན་དང་འབེན་གཏད་ཤུགས་འདོན། དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས། བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད་པ་རེད།

སློབ་གསོའི་ལས་དོན་གྱི་རྒྱུགས་ཤོག་གསར་པར་ལན་ཡག་པོ་བཏབ་ནས་སེམས་ནུས་ཡོད་རྒུས་དམངས་སེམས་དྲོ་བར་བྱས་པ།

ད་ཆ་སྣེའུ་ཁུལ་གསར་དུ་དམའ་རིམ་སློབ་འབྲིང་1དང་། སློབ་ཆུང་2 བུ་བཅོལ་ཁང་4བཅས་ཡོད་པ་དང་། བུ་བཅོལ་ཁང་1བསྐྲུན་ཟིན་པ། བུ་བཅོལ་ཁང་2དང་། སློབ་ཆུང་1 བོད་ཀྱི་ལག་རྩལ་པའི་དགེ་རྒན་དུས་ཆེན་གྱི་འཚམས་འདྲི་ཁང་1བཅས་བསྐྲུན་རྩིས་ཡོད་པ། དམངས་གཉེར་གྱི་སློབ་རྒྱུས་མིན་པའི་སློབ་གསོའི་སྒྲིག་གཞི་1(ལྷ་ས་གྲོང་ཁྱེར་མ་འཇོག་ཏ་ཏེ་བུ་བཅོལ་ཁང)འཛུགས་རྒྱུའི་རེ་ཞུ་བྱེད་བཞིན་ཡོད་པ་རེད།

དགེ་རྒན་གྱི་ལས་དོན་སེམས་ནུས་ཡོད་རྒུས་བསྒྲུབས་པ། 2021ལོར་སྣེའུ་ཁུལ་གསར་དུ་དགེ་རྒན་2ཀྱི་མཐོ་རིམ་གོ་མིང་གི་དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། གྲོང་ཁྱེར་སློབ་གསོ་ཅུས་སུ་བསྐྱལ་བའི་དགེ་རྒན་སྐོང་འཐེན་ཡིག་ཆའི་ནང་གྲོང་ཁྱེར་ནང་ནས་མི་8སྐོང་འཐེན་དང་གྲོང་ཁྱེར་དང་ས་ཁུལ་སྒྲོལ་ནས་མི་9སྐོང་འཐེན་བྱས་པ་དང་། སློབ་ཞུགས་གོང་གི་མི་1དང་། སློབ་ཆུང་གི་མི་4 དམའ་རིམ་སློབ་འབྲིང་གི་མི་12བཅས་ཡོད་པ་རེད། དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ་དགེ་རྒན་དང་ལས་བཟོ་363ལ་འཚམས་འདྲི་ཞུས་ནས་འཚམས་འདྲིའི་དངུལ་སྒོར་ཁྲི་24.6སྤྲད་དེ། རྒྱ་ཆེའི་དགེ་རྒན་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་གཅེས་ལས་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་པ་དང་། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་མཐོར་གཏོང་དང་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་སྟེ། སྤྱི་ཚོགས་ལ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་པ་རེད། རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་ལེན“ཞིབ་ཚགས”བསྟར་ཡོད། རོགས་སྐྱོར་བྱ་ཡུལ་གཏན་འཁེལ་དང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། སྣེའུ་ཁུལ་གསར་གྱིས་མཐིལ་རྟོགས་དང་། གྲལ་བཤེར། མ་ལག་ཞིབ་བསྡུར། དེ་བཞིན་དུས་བཀག་ལྟར་སྣེའུ་ཁྲོམ་གཞུང་དང་སྦྲེལ་མཐུད་བྱས་ནས། དེ་སྔའི་ཡིག་ཚགས་དང་གཱ་བཟོས་པ་དང་མ་མཐའི་འཚོ་བ་འགན་ལེན་སོགས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་མཐིལ་རྟོགས་གྲལ་བཤེར་གནད་སྨིན་དང་ཆད་ལུས་མེད་པར་བྱས་ཏེ་ཚང་མར་རོགས་སྐྱོར་བྱས་པ་རེད། 2021ལོར། སྣེའུ་ཁུལ་གསར་གྱིས་ཁྱོན་མི་ཐེངས་199ལ་རོགས་སྐྱོར་བྱས་པ་དང་རོགས་དངུལ་སྒོར་ཁྲི་115བཏང་ནས་སློབ་གྲྭ་ཆེ་མོ་བའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་བཏང་བ་རེད།

སྣེའུ་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་གྱིས་གསར་འགོད་པར“ང་ཚོས་ཉིན་ལྟར་སློབ་མ་སྒྲིག་འཛུགས་བྱས་ནས་རྒྱུགས་ཤར་གློད་པ་དང་རྐང་རྩེད་སྤོ་ལོ་རྒྱག་པ་སོགས་ཀྱི་ལུས་རྩལ་བྱེད་སྒོ་སྤེལ་ཏེ་སློབ་མའི་གཟུགས་གཞི་ཐང་དུ་གཏོང་གི་ཡོད”ཅེས་བརྗོད།

དམངས་སྲིད་ལས་དོན་གྱི་རྒྱུགས་ཤོག་གསར་པར་ལན་ཡག་པོ་བཏབ་ནས “དམིགས་སར་འབྱོར་བ་གཉིས”དོན་འཁྱོལ་བྱས་པ།

ད་ཆ་སྣེའུ་ཁུལ་གསར་དུ་ཁྲོམ་གཞུང་དོན་གཅོད་ཁང་1དང་། གྲོང་མི་ཨུ་ཡོན་ལྷན་ཁང་4 གྲོང་ལྷན་1བཅས་ཡོད་པ་དང་བསྡོམས་ཞིང་འབྲོག་པ་6314ཡོད། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་ཆེད། སྣེའུ་ཁུལ་གསར་གྱིས་ཞིབ་བཤེར་ནན་པོ་བྱས་ནས་དུས་ཐོག་ཏུ་མ་དངུལ་སྤྲད་ཅིང་། ན་ནིང་ནས་བཟུང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་84451.34སྤྲད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་200300སྤྲད་པ། རྒན་རྒོན་ལ“ཁ་གསབ་ཁག་གཉིས”ཀྱི་སྒོར་1800སྤྲད་པ། དབང་པོ་སྐྱོན་ཅན་ལ“ཁ་གསབ་ཁག་གཉིས”ཀྱི་སྒོར་253200སྤྲད་པ། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་དངུལ་སྒོར་158833.34སྤྲད་པ། གནས་སྐབས་རོགས་སྐྱོབ་དངུལ་སྒོར་57871སྤྲད་པ། ཐེམ་ཁུངས་གྲོང་གསེབ་ནས་ཡིན་པའི་དམག་ཞབས་ཐིམ་པའི་དམག་མིའི་འཚོ་བའི་ཁ་གསབ་དངུལ་སྒོར་9000སྤྲད་པ། མ་མཐའི་འཚོ་བའི་འགན་ལེན་དངུལ་དུས་ཐོག་ཏུ་སྤྲད་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་འཚོ་བའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས། ཁོང་ཚོའི་སྐྱིད་སྣང་དང་ཐོབ་སྣང་ཟབ་ཏུ་ཕྱིན་ཡོད། འཚམས་འདྲིའི་ལས་དོན་གནད་སྨིན་ངང་སྤེལ་ཞིང་། “དུས་ཆེན་གསུམ”རིང་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན། དབང་པོ་སྐྱོན་ཅན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། ཚེ་རིང་རྒན་རྒོན། འགན་ལེན་ལྔའི་དུད་ཚང་། ལོ་བརྒྱ་ལ་སླེབས་པའི་རྒན་རྒོན་བཅས་ལ་འཚམས་འདྲིའི་དངུལ་སྒོར་314600སྤྲད་པ་རེད།

སྣེའུ་ཁུལ་གསར་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་འཚམས་འདྲིའི་བྱེད་སྒོ་སྤེལ་ནས། དམག་ཞབས་ཐིམ་པའི་དམག་མི་ཏང་ཡོན་རྒན་གྲས་དང་། འཚོ་བར་དཀའ་ངལ་ཡོད་པ། རྒྱུན་རྣམ་ཅན་གྱི་དམག་ཞབས་ཐིམ་པའི་དམག་མིར་འབྲེལ་བ་བྱེད་པའི་འཚམས་འདྲིའི་དངུལ་སྒོར་38000སྤྲད་པ་རེད།

འཕྲོད་བསྟེན་ལས་དོན་གྱི་རྒྱུགས་ཤོག་གསར་པར་ལན་ཡག་པོ་བཏབ་ནས་མང་ཚོགས་བློ་ཡིད་ཚིམ་པ་དང་བློ་བདེ་པོ་ཡོང་བར་བྱས་པ།

ད་ཆ་སྣེའུ་ཁུལ་གསར་དུ་སྨན་བཅོས་སྒྲིག་གཞི་20ཡོད་པའི་ནང་སྨན་བཅོས་སྒྲིག་གཞིའི་ཆོག་འཐུས་ལག་ཁྱེར་གྱི་འགྲོ་ལུགས་གཉེར་བཞིན་ཡོད་པ་7དང་སྣེའུ་ཁྲོམ་གཞུང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་དང་དེ་བཞིན་གྲོང་ཚོའི་འཕྲོད་བསྟེན་ཁང་གི་གྲོང་ཚོའི་སྨན་པ་ཁྱོན་26ཡོད་པ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་ཆེད། སྣེའུ་ཁུལ་གསར་ཁྲོམ་གཞུང་འཕྲོད་བསྟེན་ཁང་དུ་ཚ་རྒྱས་སྒོ་བསྟེན་ཁང་1དང་དེ་བཞིན་ཚ་རྒྱས་སོ་ལྟའི་ནད་བརྟག་ཁང་4བཙུགས་ཡོད། འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་དང་གྲོང་ཚོ་ཁག་གི་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣས་མེ་འཁོར་བབས་ཚུགས་དང་། མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་ཉིང་སྐྱུར་བརྟག་དཔྱད་ལས་དོན(མེ་འཁོར་བབས་ཚུགས་སུ་ཚ་བ་ལྟ་བའི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད)སྤེལ་ནས། དགུན་དུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཆེད་ཁ་རས་དང་། འགོག་སྲུང་གྱོན་ཆས། དུག་སེལ་སྨན་རྫས་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་རྫས་གྲ་སྒྲིག་བྱེད་པ་དང་དུས་མཚུངས། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་ཀའི་བླང་བྱ་ལྟར། སྟོད་ལུང་བདེ་ཆེན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་སྨན་བཅོས་སྒྲིག་གཞི་20ལ་ཆེད་དོན་ཞིབ་བཤེར་བྱས་ནས། ཚད་མ་ལོན་པའི་སྒོ་བསྟེན་སྨན་ཁང་2ཀྱི་སྨན་བཅོས་སྒྲིག་གཞིའི་ཆོག་འཐུས་ལག་ཁྱེར་གཞུང་བཞེས་བཏང་བ་དང་ལས་མཚམས་བཞག་ནས་བཅོས་སྒྲིག་བྱས་པ་ཚད་གཞི་ལོན་རྗེས་སླར་ཡང་སྒོ་ཕྱེ་རུ་བཅུག་ནས། མང་ཚོགས་ཀྱི་འཕྲོད་བསྟེན་དགོས་མཁོ་གསར་པ་བསྐངས་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།