ཁྲེང་ཀོན་ཆུས་ཀྱིས“དང་བླངས་ཞབས་འདེཌ+”ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁྲེང་ཀོན་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་འདེགས་ཀྱི་བྱེད་སྒོ་དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྩ་འཛུགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ཧུར་ཐག་སྤེལ་བ། གཞི་རྟེན་རྒྱ་ཆེར་གཏོང་བའི་བྱ་སྤྱོད་ཧུར་ཐག་སྤེལ་བ། ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན་བཅས་ཀྱི་དུས་རབས་གསར་པའི་དང་བླངས་ཞབས་འདེགས་ཀྱི་སྙིང་སྟོབས་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་མི་སེམས་ལ་ཟུག་པར་བྱས་པ་རེད།

དྲིལ་བསྒྲགས་སྒྲོག་འགྲེལ་མི་སེམས་ལ་ཟུག་པ་བྱས་པ། ཁྲེང་ཀོན་ཆུས་ཀྱི་དང་བླངས་ཞབས་འདེགས་རུ་ཁག་ཁག་གིས་གཅིག་སྡུད་སྒྲོག་འགྲེལ་དང་། དུད་ཚང་དུ་བཅར་འདྲི། ལྟ་སྐོར་སློབ་སྦྱོང་། གསར་བརྗེའི་གཏམ་རྒྱུད་ཀློག་པ། བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་བ་སོགས“དང་བླངས་ཞབས་འདེགས+”ཀྱི་བྱེད་ཐབས་བརྒྱུད་འཐབ་ཕྱོགས་དང་པོ་དང་འཐབ་ས་མདུན་མར་བསྐྱོད་དེ། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་རྒྱ་ཁྱབ་དང་། སྲིད་ཇུས་དང་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ། རང་དཔེ་གཞན་སྟོན། སྙིང་སྟོབས་དྲིལ་བསྒྲགས་བཅས་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་བས་མི་སེམས་ལ་ཟུག་པར་བྱས་པ་རེད།

རྒན་བཀུར་བྱིས་སྐྱོང་བྱས་ནས་མི་སེམས་དྲོས་པར་བྱས་པ། ཁྲེང་ཀོན་ཆུས་དང་བླངས་ཞབས་འདེགས་རུ་ཁག་ཁག་གི་དང་བླངས་པས་རྒྱུན་རྣམ་ཅན་གྱི་སྒོ་ནས་མི་ཧྲེང་རྒན་རྒོན་ལ་ལྟ་རྟོག་དང་། སྙིང་གཏམ་ཤོད་རེས། གཙང་སྦྲ་བྱེད་རོགས། ཁྱིམ་ལས་བྱེད་རོགས། ན་ཚ་ལྟ་རོགས། དབྱར་གསེང་གི་ཟུར་ཁྲིད་འཛིན་གྲྭ་དང་སློབ་གསེང་གི་ཟུར་ཁྲིད་འཛིན་གྲྭ་བཙུགས་ནས་སློབ་མར་རིན་པ་མི་དགོས་པར་སློབ་ཚན་ཟུར་ཁྲིད་བྱེད་པ་དང་དོགས་གནད་སེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་ལ་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བ་རེད།

སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་མི་སེམས་གཅིག་མཐུན་ཡོང་བར་བྱས་པ། ཁྲེང་ཀོན་ཆུས་དང་བླངས་ཞབས་འདེགས་རུ་ཁག་ཁག་གིས“གནས་ཚུལ་ཤེས་རྟོགས་དང་། ཚུར་ལན་མཐུན་སྦྱོར། ཐག་གཅོད་དོན་འཁྱོལ”བཅས་ཀྱི་དང་བླངས་ཞབས་འདེགས་ལས་དོན་ལ་བརྟེན་ནས“དཀའ་གནད་ཆུང་ངུ”ཐག་གཅོད་བྱེད་པ་ནས་འགོ་བཙུགས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“སྙིང་ཉེ་བ”ཡག་པོ་ཞིག་བྱས་པ་དང་ཆབས་ཅིག མང་ཚོགས་ལ་འཕྲད་པའི་གནད་དོན་དང་དཀའ་ངལ་ཤེས་རྟོགས་དང་ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།