ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁང་དམར་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁང་དམར་རྫོང་གིས་བཀོད་སྒྲིག་ཞིབ་ཚགས་དང་བྱེད་སྟངས་གསར་གཏོད་ལ་བརྟེན་ནས་ཏང་ཡོན་ཞུགས་པའི་སྤྲོ་སེམས་འཕེལ་གང་ཐུབ་བྱས་ཏེ། གཏན་འབེབས་བྱ་སྤྱོད་ཀྱི་རྣམ་པ་མི་འགྱུར་བ་དང་། རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་མངོན་པ། སྦྱོང་སྤྱོད་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བའི་འགན་ལེན་བྱས་པ་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཤིང་། ཁང་དམར་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རིམ་ཁག་ཏང་རྩ་འཛུགས་ཧྲུའུ་ཅིས་ལོ་ཧྲིལ་པོར་དམ་འཛིན་ནན་པོ་བྱེད་པའི་གཙོ་གནད་ལས་དོན་ལ་བརྩིས་ནས“སྣེ་ཁྲིད་གསུམ་དང་རང་ངོ་མ་ཞུགས་པ་གསུམ”(དེ་དག་ནི་སྣེ་ཁྲིད་དེ་སློབ་སྦྱོང་དང་། སྣེ་ཁྲིད་དེ་སྦྱོང་བརྡར། སྣེ་ཁྲིད་དེ་ནན་བསྟར་བཅས་དང་། རང་ངོ་མས་བཀོད་སྒྲིག་དང་། རང་ངོ་མས་ཞིབ་བཤེར། རང་ངོ་མས་སྐུལ་འདེད་བཅས་རེད)བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གཡོ་ཟོལ་མིན་པ་དང་། སྟོང་བཤད་མིན་པ། ཕྱི་ཚུལ་ཙམ་མིན་པ་བཅས་ཀྱི་འགན་ལེན་བྱས་པ་རེད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་རྩ་འཛུགས་ཁག་གི་ལོ་འཁོར་གྱི་དཔྱད་ཞིབ་དང་འགོ་ཁྲིད་ལས་བྱེད་པའི་གདེང་འཇོག་དང་དེ་བཞིན་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གྱི་ནང་དོན་གལ་ཆེན་ནང་འཇུག་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་དང་། རྒྱུན་གཏན་གྱི་ལྟ་སྐུལ། སྐོར་གཟིགས་ཀྱི་ལྟ་སྐུལ་བཅས་ཀྱི་ནང་དོན་གལ་ཆེན་ནང་བཅུག་སྟེ། ཏང་རྩ་འཛུགས་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་བཏང་བ་རེད།

སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་རྗེས་སྙེག་གཙོ་གནད་དུ་བཞག་ཅིང་། ཁང་དམར་རྫོང་གིས་སློབ་སྦྱོང་རྒྱལ་ཁབ་སྟོབས་ལྡན་དང་། སྐད་འཕྲིན། ཁྱུག་དབྱིངས་སོགས་དྲ་རྒྱའི་སློབ་སྦྱོང་སྟེགས་བུའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། གདམ་ག་བྱས་ནས་དོ་ཁུར་བྱེད་པ་ནས་གདམ་ག་བྱས་ནས་སློབ་སྦྱོང་བར་དང་། བསྡད་དེ་སློབ་སྦྱོང་བྱེད་པ་ནས་དུས་ངེས་མེད་ངང་སློབ་སྦྱོང་བྱེད་པའི་བར། གཞན་སྐུལ་སློབ་སྦྱོང་ནས་རང་འགུལ་སློབ་སྦྱོང་བར་འགྱུར་ལྡོག་ཕྱིན་ཏེ་ཡུལ་དུས་ཀྱི་ཚད་བཀག་མེད་པར་སློབ་སྦྱོང་ཧུར་ཐག་བྱེད་པའི་རྣམ་པ་ཞིག་ཆགས་ཡོད། ཆེད་དོན་སློབ་སྦྱོང་ཐད། རྫོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་རང་དཔེ་གཞན་སྟོན་དང་དཔེ་སྟོན་སྣེ་ཁྲིད་ཀྱིས་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་དང་། ཏང་ཡོན་དཀྱུས་མའི་ངོས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་རིང་ཏང་ཡོན་ཡོངས་ལ་སློབ་སྦྱོང་ནན་ཏན་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས་པ་རེད།

ལས་གནས་ལ་གཞི་ཚུགས་ནས་བྱ་བ་དངོས་བསྒྲུབས་ཏེ་ཐོག་མའི་བསམ་འདུན་དང་དམིགས་ཡུལ་མངོན་པར་བྱས་ཤིང་། ཁང་དམར་རྫོང་གིས“13+7”གྱི་དམངས་འཚོའི་བྱ་བ་དངོས་ཀྱི་ལས་འགན་དོན་འཁྱོལ་ནན་ཏན་བྱས་ཏེ། འདི་ལོའི་ཐེམ་ཁུངས་ཁང་དམར་ནས་ཡིན་པའི་ཞིང་འབྲོག་བུ་ཕྲུག་སློབ་ཆེན་ལ་ཡིག་རྒྱུགས་འཕྲོད་ཀྱང་སློབ་ཡོན་གྱི་ཁུར་པོ་ལྕི་བའི་གནད་དོན་ལ་དམིགས་ནས། ཁང་དམར་རྫོང་གིས་དངོས་གཞིའི་ཚན་ཁག་གི་སློབ་མ་131དང་ཆེད་ལས་ཚན་ཁག་གི་སློབ་མ་107ལ་བྱ་དགའ་སྒོར་ཁྲི་175.9སྤྲད་པ་རེད། ཀ་ལ་ཤང་གད་གྲོང་ཚོའི་གཅིན་དུག་ནད་ཕོག་པའི་བསྟན་པ་དབང་འདུས་ཀྱི་མཁལ་མ་བརྗེ་བའི་སྨན་རིན་ནང་མིས་ཐག་གཅོད་བྱེད་ཐབས་བྲལ་བར་དམིགས་ནས། རྫོང་ཡོངས་ཀྱི་ཏང་ཡོན་ཚང་མས་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ནས་ཁྱོན་བསྡོམས་དངུལ་སྒོར་ཁྲི་36.3417ཞལ་འདེབས་ཕུལ་བས། བསྟན་པ་དབང་འདུས་ཁྱིམ་གྱི་གནས་སྐབས་ཀྱི་དཀའ་ངལ་བསལ་བ་རེད། ཁོངས་གཏོགས་ཁུལ་དུ་ངལ་རྩོལ་ནུས་ཤུགས་མི་འདང་བའི་དབང་གིས་སྟོན་བསྡུའི་ལས་དོན་ལ་དཀའ་ངལ་འཕྲད་པའི་གནད་དོན་ལ་དམིགས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་གྱིས་ཞིང་པར་སྟོན་ལས་བྱེད་རོགས་ཀྱི”བྱེད་སྒོ་སྤེལ་ཏེ། གྲོང་མིའི་སྟོན་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་རེད། མིག་སྔའི་བར། ཁང་དམར་རྫོང་གིས“མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཐེངས་551སྤེལ་བར་རོགས་རམ་ཐོབ་མཁན་མང་ཚོགས་ཁྱོན་ཁྲི་3.9ལྷག་ཙམ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།