ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་བྱས་ནས་འགན་འཁྲི་འཁུར་ཕོད་པ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བྲག་ཡིབ་ཆུས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སུ་བསྐྱོད་ནས‘སྲུང་སྐྱོང་གཉིས’ཐུབ་པ་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཉེ་ཆར། བྲག་ཡིབ་ཆུས་ཀྱིས་ཏང་གཤིས་སློབ་གསོའི་རྟེན་གཞི་བསྐྲུན་པ་དང་། བྱེད་སྒོའི་ནང་དོན་གསར་གཏོད་བྱེད་པ། བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད“སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སུ་བསྐྱོད་ནས‘སྲུང་སྐྱོང་གཉིས’ཐུབ་པ་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གཤིས་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།

ས་བབ་ཀྱི་ལེཌ་ཆ་འདོན་སྤེལ་གྱིས་སློབ་གསོའི་རྟེན་གཞི་བསྐྲུན་པ།

གྲོང་ཁྱེར་རིམ་པས་སྤྱི་འདོམས་དང་། རྫོང་རིམ་པས་དོ་དམ། བརྗོད་དོན་གཙོ་བོ་ཁ་གསལ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་། བྲག་ཡིབ་ཆུས་སུ་ཁྱད་ཆོས་ལྡན་ཞིང་བཀྲག་མདངས་འཚེར་ས་ཡོད་པའི་ཏང་གཤིས་སློབ་གསོའི་རྟེན་གཞི་བསྐྲུན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་བའི་སྐོར་དམ་འཛིན་བྱ་གཞིར་བྱེད་པ་དང་། ཡར་ཉང་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་། ཀ་ལ་གྲོང་ཚོའི་གྲོང་གསེབ་དར་རྒྱས། ཀོང་པོའི་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་བཅས་བརྗོད་དོན་གཙོ་བོར་བྱེད་པའི་སློབ་སྦྱོང་ལམ་རིས་ཇུས་འགོད་ཞིབ་ཚགས་བྱས་ཤིང་། ད་ཡོད་ཀྱི་ཐོན་ཁུངས་མུ་མཐུད་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་བྲག་ཡིབ་ཆུས་ཀྱི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བྲག་ཡིབ་ཆུས་ཀྱི་གསར་བརྗེའི་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ཏེ་བཅིངས་འགྲོལ་དང་། དར་རྒྱས། མཐུན་སྒྲིལ། དཔའ་བོ། སེམས་མཐུན་བཅས་བརྗོད་དོན་གཙོ་བོར་བྱེད་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པའི་ཉེ་འགྲམ་གྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་དང་ཏང་གཤིས་སློབ་གསོའི་རྟེན་གཞི་གཙོ་གནད་ཐོག་བཏོད་དེ་སྤུས་ཚད་མཐོ་བའི་གཞི་རྟེན་ཞིག་གྲུབ་པར་བྱས་ཡོད། རྟེན་གཞིའི་བྱེད་ནུས་ཟམ་མི་ཆད་པར་རྒྱ་སྐྱེད་དུ་བཏང་ཞིང་། ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་རིང་ཏང་གཤིས་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་དང་། གསར་བརྗེའི་ཐོན་ཁུངས་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། གསར་བརྗེའི་ཡུལ་སྐོར་ཐོན་རྫས་གསར་གཏོད་བཅས་བྱས་ཏེ། གསར་བརྗེའི་ཐོན་ལས་གྲུབ་པ་དང་། གསར་བརྗེའི་ཡུལ་སྐོར་ལ་སྐུལ་འདེད། གསར་བརྗེའི་རིག་གནས་དང་། ལྗང་མདོག་སྐྱེ་ཁམས། ཡུལ་སྐོར་ཐོན་ཁུངས་བཅས་མཉམ་འདྲེས་ཀྱི་ཐོན་ལས་གསར་པ་མངོན་འགྱུར་ཡོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།

ནང་དོན་གསར་གཏོད་ཀྱིས་བྱེད་སྒོའི་ཕན་འབྲས་ཆེ་རུ་བཏང་བ།

བྱེད་སྒོའི་ནང་དོན་ཐད་གསར་བརྗེའི་སློབ་གསོའི་གཞི་རྟེན་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱས་ཤིང་། བྲག་ཡིབ་ཆུས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བྲག་ཡིབ་ཆུས་ཨུད་ཀྱིས་སྒྲིག་འཛུགས་དང་། གསོ་སྦྱོང་། རིམ་ཁག་གཞི་རིམ་ཏང་རྩ་འཛུགས་ཧུར་ཐག་ཞུགས་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་བྲག་ཡིབ་ཆུས་ཀྱི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁག་གི་ཏང་སྲིད་འགན་འཁུར་བ་གཙོ་བོ། ཆུས་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་སོགས་འགོ་ཁྲིད་ལས་བྱེད་པ་ཡོངས་ལ་གསོ་སྦྱོང་བྱས་ཡོད། བྱེད་སྒོའི་ནང་དོན་གསར་གཏོད་བྱེད་པའི་ཐད་དུས་རབས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། ནུས་ཤུགས་ཡོད་རྒུས“ཐོག་མའི་བསམ་འདུན་རྒྱུན་འཛིན”གྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་དང་། དཔྱད་གཞི་གདམ་གསེས་བྱེད་པའི་ཐད“རྟེན་གཞི་རེར་བརྗོད་དོན་གཙོ་བོ་རེ”མཐའ་འཁྱོངས་ཀྱིས་ཏང་ཡོན་གྱིས་ཐོག་མའི་བསམ་འདུན་ཤེས་རྟོགས་དང་མི་གཞུང་དྲང་ཚུལ་ལྡན་ཞིག་བྱེད་པར་ཁྲིད་སྟོན་དང་སློབ་གསོ་བརྒྱབ་པ། མཚོན་ཚུལ་རྣམ་པའི་ཐད་ཏང་ཞུགས་དམ་བཅའ་བསྐྱར་དྲན་དང་གཟིགས་ཞིབ་ལམ་ཐིག་ལ་བསྐྱར་དུ་བསྐྱོད་ནས་ཉམས་ལེན་བྱེད་པ་མ་ཟད་ཆེད་དོན་ཏང་གི་སློབ་ཚན་དང་ཉམས་མྱོང་སྤེལ་རེས་ཀྱི་གོ་ཆོད་རང་བཞིན་ཡང་ལྡན་པར་བྱས་ཡོད། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་སའི་ཀ་ལ་གྲོང་ཚོ་གཙོ་རྐང་དུ་བཟུང་ནས། ཀ་ལའི“ཕྱུག་འགྱུར་གྱི་མན་ངག”དང་ཞི་ཅིན་ཕིང་གི་བྱམས་བརྩེའི་བཀའ་མོལ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་སེམས་གཏིང་ནས་གཟིགས་ཞིབ་གནང་ཡུལ་བཞིར་བསྐྱོད་པའི་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་སུ་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་བསྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ནས་གྲུབ་འབྲས་ཐོབ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།

ཉམས་མྱོང་ཕྱོགས་སྡོམ་གྱིས་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

བྱེད་སྒོའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་བྱེད་པར་དོ་སྣང་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བྱེད་སྒོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་ཡོད། འཐབ་ས་གཙོ་བོ་སྲ་བརྟན་དང་འཛུགས་སྐྲུན་བྱ་ཆེད། རང་འགུལ་ངང་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་བྱེད་པ་དང་། ཉིང་ཁྲི་གྲོང་ཨུད་ཏང་གི་སློབ་གྲྭའི་ཀ་ལ་གྲོང་ཚོའི་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་དང་ཞིབ་འཇུག་བྱ་གཞིར་མཉམ་གྲོས་བྱེད་པར་སྐུལ་འདེད་བཏང་སྟེ། “ཁེར་རྐྱང་གི་དམག་འཐབ”དེ་མཉམ་འཐབ་ལ་བསྒྱུར་ནས་གསོ་སྦྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། “རྟེན་གཞི+སློབ་ཁང”གི་རྣམ་པ་འཚོལ་ཞིབ་ཐད་ལྟ་སྦྱོང་རྣམ་པ་དང་། ཉམས་ལེན་རྣམ་པ། སློབ་ཁྲིད་རྣམ་པ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཕུལ་བྱུང་ལས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་དོན་པ་བཅས་13གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གཤིས་བཟང་བ་དང་། ལས་སྒོ་བྱང་ཆུབ་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་འཆད་འགྲེལ་པའི་དཔུང་ཁག་ཅིག་རྒྱུན་མཐུད་ངང་བཏོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་མཉམ་དུ་ཡོད་པའི་བདེན་དཔང་བ་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་སྤེལ་རིང་བསམ་ཚུལ་དང་མྱོང་ཚོར་གླེང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། བྱེད་སྒོའི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་བ་དང་ཆབས་ཅིག་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་བཏོད་པ་དང་། ཆ་འཕྲིན་གོང་ཞུ་དང་ཏང་གཤིས་སློབ་གསོའི་ནང་ཞུགས་པའི་འབྲེལ་ཡོད་ཚན་པའི་དྲིལ་བསྒྲགས་གཉིས་པ་དང་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་སྟེ་བྱེད་སྒོ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་ཡོད། མིག་སྔའི་བར། ཏང་གཤིས་སློབ་གསོར་ཞུགས་མཁན་ཚན་པ70ལྷག་དང་མི་གྲངས2703ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།