ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་སྲོལ་བཟང་པོ་དར་སྤེལ་བཏང་། ཞི་མཐུན་ཁྲེང་ཀོན་མཉམ་དུ་སྐྲུན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རྒན་བཀུར་གཉེན་གཅེས”ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཤིང་། ཁོང་ཚོས་ཕན་ཚུན་རོགས་རམ་བྱས་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་དེའི་ནང་འཚོ་བ་སྐྱེལ་བཞིན་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དང་དུས་རབས་ཀྱི་སྲོལ་གསར་སྔར་བས་དར་སྤེལ་བཏང་སྟེ་ཁྱིམ་ཚང་དང་མི་སྒེར་དེ་བས་མང་བ་མིག་ལྟོས་ཡར་འདྲེན་བྱེད་པར་སྣེ་ཁྲིད་དང་། ཁྱིམ་སྲོལ་བཟང་པོ་རིམ་བཞིན་སྐྱེད་སྲིང་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་མཐོང་ཆེན་བྱེད་ཆེད། 2021ལོར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“མཛེས་ཤོས་གཅིག་དང་ཡག་པོ་བཞི”སྟེ། “ཁྱིམ་ཚང་མཛེས་ཤོས”དང“སྒྱུག་མོ་ཡག་པོ”“བུ་མོ་ཡག་པོ”“མནའ་མ་ཡག་པོ”“ཁྱིམ་མཚེས་ཡག་པོ”བཅས་ཁྱོན་མི་22བདམས་ཐོན་བྱུང་བའི་ཁྲོད་བགྲེས་སོང་ཧ་ལི་མར“སྒྱུག་མོ་ཡག་པོའི”མཚན་སྙན་ཐོབ་པ་རེད།

ཝ་པ་གླིང་སྡེ་ཁུལ་དུ་སྡོད་པའི་ལོ་77ལ་སླེབས་པའི་ཧུད་རིགས་བགྲེས་སོང་ཧ་ལི་མའི་ཁྱིམ་ནི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་བཅས་ཕན་ཚུན་གཉེན་སྒྲིག་བྱས་པའི་དཔེ་མཚོན་གྱི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། ཁོང་གི་ནང་མི་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་ཕན་ཚུན་རོགས་རམ་དང་། མཐུན་སྒྲིལ་མཛའ་བརྩེ། ཁྱིམ་མཚེས་དབར་མཐུན་སྒྲིལ་འཆམ་མཐུན་བཅས་བྱས་ནས་སྣང་བ་སྐྱིད་པའི་འཚོ་བ་ལོངས་སྤྱོད་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་མཉམ་དུ་བསྐྲུན་ཡོད།

བགྲེས་སོང་ཧ་ལི་མར་དེ་སྔ“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་མྱོང་ལ། ཁོང་ཚོའི་ཁྱིམ་ཚང་ལ་ཁྲེང་ཀོན་ཆུས་ཀྱི“ཁྱིམ་ཚང་མཛེས་ཤོས”ཀྱི་མཚན་སྙན་ཡང་ཐོབ་མྱོང་ཡོད། བགྲེས་སོང་ཧ་ལི་མ་དང་། ཁོང་གི་བུ་གཉིས། དེ་བཞིན་མནའ་མ་དང་ཚ་བོ་སོགས་མི་7མཉམ་དུ་འཚོ་བ་སྐྱེལ་བཞིན་ཚང་མས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་དགའ་གཅེས་བྱེད་པ་དང་། ཁྱིམ་མཚེས་དང་འཆམ་ལ་གཞན་ལ་རོགས་རམ་བྱ་རྒྱུར་ཡང་དགའ་བས་ཁོངས་གཏོགས་ཁུལ་གྱི་མི་ཀུན་གྱིས་བསྔགས་བརྗོད་བྱེད་སའི་དཔེ་བཟང་ཁྱིམ་ཚང་ཞིག་རེད།

བགྲེས་སོང་ཧ་ལི་མའི་མནའ་མ་ཅིང་ཚའེ་ཧུང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན“སྒྱུག་མོས་རྟག་ཏུ་ང་ཁོང་གི་བུ་མོར་བརྩིས་ནས་སེམས་ནུས་ཡོད་རྒུས་གཅེས་སྐྱོང་དང་ལྷག་བསམ་རྣམ་དག་བྱེད་པ་མ་ཟད། ད་དུང་ང་ལ་ནང་ལས་བྱེད་རོགས་ཀྱང་བྱས་ནས་ངའི་ཁུར་པོ་ཡང་དུ་གཏོང་གི་འདུག་པས། སྒྱུག་མོ་ཁོང་དང་མཉམ་དུ་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་བདེ་སྐྱིད་ཆེ་ཤོས་ཡིན་བསམ་གྱི་འདུག”ཅེས་བཤད།

བགྲེས་སོང་ཧ་ལི་མའི་ནང་མི་ཚོས་མི་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་ཡོད། སྡེ་ཁུལ་གྱི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་པ་ཐོས་ཚེ་ཁོང་ཚོས་རོགས་རམ་བྱེད་ངེས་རེད་ལ། ད་དུང་གེགས་ཁུལ་ལ་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་སྐབས་ཀྱང་ཁོང་ཚོ་ནི་རང་འགུལ་ཆེ་ཤོས་རེད། 2020ལོའི་ལོ་སྟོད་དུ་ཚོང་ཁང་གསུམ་གྱི་ཁང་གླ་དམའ་རུ་གཏོང་ཆེད། ཧ་ལི་མའི་ནང་མི་ཚོས་གྲོས་བསྡུར་བྱས་ནས་བོགས་མར་ལེན་མཁན་གྱི་ཁང་གླ་བཅག་པ་རེད།

ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི“མནའ་མ་ཡག་པོ”ཡེ་ཤེས་སྒྲོལ་དཀར་ནི་ཁྲེང་ཀོན་ཆུས་ཀྱི“ཕྱི་ནས་ཡོང་བའི་མནའ་མ”ཞིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་པའི་ཁོང་ནི་ཕ་མའི་སློབ་གསོའི་འོག་ཆུང་དུས་ནས་བསམ་ཤེས་ཐུབ་པ་དང་། རྒན་བཀུར་གཞོན་གཅེས་བྱེད་མཁན་ཞིག་རེད། གཉེན་སྒྲིག་བྱས་རྗེས། ཁོང་གིས་བརྩོན་བསྲི་ཁྱིམ་སྐྱོང་དང་གཉེན་ཉེར་སྲི་ཞུ་སྒྲུབ་ཅིང་ཁྱིམ་མཚེས་ལ་རོགས་རམ་བྱེད་པ་དང་། ཉིན་མོ་ལས་ཀར་འགྲོ་བ་དང་ལས་ཐག་བཅད་རྗེས་ཁྱིམ་གྱི་འཚོ་བར་ལྟ་རྟོག་ཡག་པོ་བྱས་ནས། བཟའ་ཟླ་དང་བཟའ་ཟླའི་ཕ་མ་གཉིས་ལ་བློ་བདེ་བག་ཕེབས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད། ལས་ཀའི་ཁྲོད་ཁོང་གིས་ཐོག་མཐའ་བར་གསུམ་དུ“ཤེས་ཡོན་ལྡན་ན་དགེ་རྒན་དང་ཀུན་སྤྱོད་ལེགས་ན་མིག་དཔེར་འོས”ཞེས་པའི་དམ་བཅའ་ལག་བསྟར་གྱིས་ལས་ཀ་ནན་ཏན་དང་ཞིབ་ཚགས་ངང་བསྒྲུབས་པས། འགོ་ཁྲིད་དང་ལས་རོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

“བུ་མོ་ཡག་པོའི”མཚན་སྙན་ཐོབ་པའི་བསོད་བདེ་ནི་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་ལས་དོན་པ་ཞིག་ཡིན་ཞིང་། ད་ལྟ་བར་སྐོར་ཁྲོམ་གཞུང་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར་གྱི་ཡོད། ཁོང་གིས“ང་ནི་འཚོ་བ་ཕྱུག་པོ་དེ་ཙམ་མེད་ཀྱང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། མ་གཞི་ངའི་ཕ་མ་གཉིས་ལ་མཐོ་རིམ་སློབ་གསོ་ཐོབ་མྱོང་མེད་ཀྱང་ཁོང་གཉིས་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ང་དང་གཅུང་པོ་སློབ་ཆེན་དུ་བཏང་ཐུབ་པ་བྱས། ཆུང་དུས་སུ། ཕ་མས་ང་ཚོར་བྱམས་སེམས་བཅངས་ནས་ཀུན་སྤྱོད་དང་གུས་ཞབས་ལྡན་པའི་མི་ཞིག་བྱེད་དགོས་ཞེས་རྟག་ཏུ་སློབ་གསོ་བརྒྱབ་པ་ད་དུང་དྲན་གྱི་འདུག ཕ་མའི་གཏམ་སྤྱོད་རེ་རེ་ལས་སེམས་བཟང་དང་། གུ་ཡངས། ཕ་མར་སྲི་ཞུ་སྒྲུབ་དགོས་པ་བཅས་ཀྱི་གནས་ལུགས་རྟོགས་བྱུང”ཞེས་བཤད། ལས་ཀར་ཞུགས་རྗེས། ཕ་མའི་དྲིན་ལན་འཇལ་ཆེད། བསོད་བདེས་ཟ་མཁས་སྤྱོད་མཁས་དང་ལས་ཀ་ཧུར་ཐག་བྱས་ནས་དངུལ་བུན་གཡར་ཏེ་ཁང་པ་སྨི་ངོས་གྲུ་100ལྷག་ཙམ་ཡོད་པ་ཞིག་ཉོས་རྗེས་ཕ་མ་གཉིས་ཀ་བསུས་ནས་ཕ་མ་བུ་ཕྲུག་ལྷན་འཛོམས་ཀྱི་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། 

ཁྱིམ་ཚང་གི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད“བུད་མེད་དང་བྱིས་པའི་ཁྱིམ་གཞིས”དང“བུད་མེད་ཀྱི་མཚན་སློབ”སོགས་གཡུལ་ས་དང་ལས་སྟེགས་ཁག་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི“མཛེས་ཤོས་གཅིག་དང་ཡག་པོ་བཞི”འཚོལ་བ་དང་། གཟེངས་རྟགས་སྤྲོད་པ། འགྲེམས་སྟོན་བཅས་བྱས་ཏེ“མཛེས་ཤོས་གཅིག་དང་ཡག་པོ་བཞིའི”དྲིལ་བསྒྲགས་རུ་ཁག་དང་ཁྱིམ་སྲོལ་བཟང་པོ་དར་སྤེལ་གཏོང་མཁན་ཡག་པོ་ཞིག་བྱེད་པ་དང་། ཁྱིམ་ཚང་ཁག་ཀུན་སྤྱོད་དང་སྤྱོད་བཟང་སྐྱེད་བསྲིང་བྱེད་སར་འགྱུར་བར་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཁྱིམ་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཡོངས་སུ་ཡ་རབས་སྲོལ་བཟང་དར་བར་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།