ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་རྫས་ཚོང་འདུས་སྐབས་བཅོ་ལྔ་པའི་མཐོང་ཐོས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

འདི་ནི་མང་ཚོགས་ཚོས་རང་གིས་དགའ་པོ་བྱེད་པའི་ཚོང་ཟོག་ཉོ་བཞིན་པ།

༢.jpg

འདི་ནི་ཚོང་ཤག་གིས་རང་གིས་དགའ་པོ་བྱེད་པའི་ཚོང་ཟོག་མཐོང་རྗེས་ཉོ་འདོད་ཆེན་པོ་བྱེད་བཞིན་པ།

༣.jpg

འདི་ནི་ས་གནས་དེ་གའི་མང་ཚོགས་ཚོས་བོད་སྨན་རྒྱུ་ཆ་ཉོ་བཞིན་པ།

༤.jpg

འདི་ནི་ཚོང་པས་ཚོང་ཤག་ལ་ལག་ཤེས་ལ་བརྟེན་ནས་བཟོས་པའི་ཞྭ་མོ་སྟོན་བཞིན་པ།

༥.jpg

འདི་ནི་ཚོང་ཤག་གིས་ཚོང་པར་ཟོག་རིན་སྤྲོད་རྩིས་བྱེད་བཞིན་པ།

༦.jpg

འདི་ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲེམས་ཁུལ་གྱི་ཟུར་ཞིག་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ12ཚེས10ཉིན། ནག་ཆུ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་རྫས་ཚོང་འདུས་སྐབས་བཅོ་ལྔ་པ་འགོ་ཚུགས་པ་དང་འབྲེལ་ཉིན5རིང་རྒྱུན་མཐུད་ངང་གཉེར་བ་རེད། འབྲོག་ལས་ཐོན་རྫས་ཚོང་འདུས་ནི་ནག་ཆུ་གྲོང་ཁྱེར་གྱིས་དབུལ་སྒྲོལ་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། འབྲོག་ཁུལ་དུ་བཀྲག་མདངས་འཚེར་བ་དང་། འབྲོག་ལས་ཀྱི་ཕན་འབྲས་ཆེར་གཏོང་། འབྲོག་པར་འབབ་འཕར་གཏོད་པ་བཅས་ཀྱི་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་ཞིག་རེད།

བྱེད་སྒོ་སྤེལ་ཡུལ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་ཐོག་ནག་ཆུ་གྲོང་ཁྱེར་གྱི་རྫོང(ཆུས)11ནས་ཡོང་བའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་158དང་། ཞིང་འབྲོག་ལས་དང་བོད་སྨན་ཁེ་ལས་18འགྲེམས་སྟོན་ལ་ཞུགས་ཡོད་ཅིང་། འགྲེམས་ཞུགས་ཐོན་རྫས་ལ་ཤ་རིགས་དང་། དཀར་ཆུའི་ཐོན་རྫས། པགས་རིགས། ཞིང་ལས་ཐོན་རྫས། བོད་སྨན་སྨན་རྒྱུ། ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་དང་། དེ་བཞིན་སྤུས་ལེགས་དང་ལས་སྣོན་ཞིབ་ཚགས་བྱས་པའི་འབྲོག་ལས་ཐོན་རྫས་སོགས་སྣ་ཁ་42ཙམ་ཚུད་ཡོད་པ་རེད།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འགྲེམས་ཁུལ་དུ་དབྱར་རྩྭ་དགུན་འབུ་དང་། སྙི་བ། གྲོ་མ་སོགས་ཀྲུང་ལུགས་སྨན་རྒྱུ་དང་། དེ་བཞིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་སོགས་སྣ་ཚོགས་ཡོད་པ་དེ་དག་མི་རྣམས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད།

“ད་ཐེངས་ཀྱི་འབྲོག་ལས་ཐོན་རྫས་ཚོང་འདུས་ཐོག་ང་ཚོས་གཙོ་བོ་སྤོས་དང་གདོང་གསོས་སོགས་རྒྱུན་གཏན་སྤྱོད་རྫས་དང་། དེ་བཞིན་བྲོ་སྦྱོར་ཤ་སྨན་སྣ་ཚོགས་བཙོངས་པ་ཡིན། ཐོན་རྫས་ཚང་མའི་རིན་གོང་འཚམ་པོ་ཡོད་པས་ཉོ་མཁན་ཡང་ཧ་ཅང་མང་པོ་འདུག ཆུ་ཚོད་གཉིས་ལས་མ་སོང་བར་སྒོར་500ལྷག་ཙམ་གྱི་་ཐོན་རྫས་བྲིན་སོང”ཞེས་སོག་དཀར་མོ་ཤང་ཨོང་ང་གྲོང་ཚོའི་མཉམ་ལས་ཁང་གི་འགན་འཁུར་བ་དོན་བསྟན་གྱིས་དགའ་སྤྲོའི་ངང་བཤད།

ཚོང་འདུས་ཀྱིས་ཚོང་པར་བྲིན་ཚོང་གི་གོ་སྐབས་ཡག་པོ་ཞིག་བཏོད་པ་མ་ཟད། རྒྱ་ཆེའི་གྲོང་མི་ཚོར་འདེམས་ཉོའི་སྟེགས་བུ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད། འགྲེམས་ཁུལ་ཕྱི་རོལ་གྱི་རླངས་འཁོར་འཇོག་སའི་ཉེ་འགྲམ་ནས་དགའ་སྤྲོའི་ངང་ཡོང་བ་དང་བློ་ཡིད་ཚིམ་པོས་ལོག་མཁན་མང་དག་ཅིག་མཐོང་རྒྱུ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་ཀྱི་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་2.05ཟིན་ཞིང་། ལོ་གཅིག་དུས་གཅིག་གི་འབྲོག་ལས་ཐོན་རྫས་ཚོང་འདུས་དེའང་ཁྱད་ཆོས་མངོན་གསལ་དོད་པ་དང་། ཡིད་དབང་འགུག་ཤུགས་ཆེ་བ། ཤུགས་རྐྱེན་ཐེབས་ཤུགས་ཆེ་བ། སྐད་གྲགས་ཆོད་ཤུགས་ཆེ་བ་བཅས་ཡོད་པས་ནག་ཆུས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བཀྲག་མདངས་འཚེར་སའི་གྲོང་ཁྱེར་གྱི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།