ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་པེ་དང་བོད་ལྗོངས་བར་གྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220113818000851028.png

པར་འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧོ་པེ་རུ་ཡོད་པའི་བོད་ལྗོངས་ཀྱི་ཚོང་གཉེར་བ་དང་ཁེ་ལས་བར་གྱི་ཚོང་ཟོག་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ས་ཁུལ་གཉིས་བར་གྱི་དཔལ་འབྱོར་དང་རིག་གནས་མཉམ་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཟླ1པོའི་ཚེས12ཉིན། ཧོ་པེ་ཞིང་ཆེན་བོད་ལྗོངས་ཚོང་ཚོགས་ཀྱི་སྐབས་དང་པོའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དང་མཐུན་ཚོགས་འཛུགས་པའི་ཚོགས་ཆེན་ཧོ་པེ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཧྲི་ཅ་ཀྲོང་དུ་གཟབ་རྒྱས་ངང་འཚོགས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཚོགས་ཆེན་ལ་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་སྐབས། ཧོ་པེ་ཞིང་ཆེན་བོད་ལྗོངས་ཚོང་ཚོགས་ཀྱིས་ཧོ་པེར་གཞི་ཚུགས་པ་དང་། བོད་ལྗོངས་ལ་ཞབས་འདེགས་ཞུ་བ། བོད་ལྗོངས་ཚོང་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཁྲིམས་མཐུན་གཉེར་སྐྱོང་བཅས་བྱས་ཏེ། བོད་ལྗོངས་དང་ཧོ་པེ་ས་ཁུལ་གཉིས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་གསོ་སྐྱོང་དང་ཚོང་འགུགས་མ་འདྲེན། སྲིད་གཞུང་བར་གྱི་འབྲེལ་མཐུད་སྣེ་ཁྲིད་སོགས་ཐད་ཀྱི་ལས་དོན་སྒྲུབ་པར་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས། བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྗོངས་ནང་ཁུལ་གྱི་རིམ་པ་ཁག་གི་སྲིད་གཞུང་དང་ཐུན་མོང་ཐོག་ཁོར་ཡུག་བཟང་པོ་བཏོད་ནས། ཧོ་པེ་ཞིང་ཆེན་བོད་ལྗོངས་ཚོང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ། ཚོགས་པའི་ཚོགས་མིར་སྔར་བས་ལེགས་པའི་ཁེ་ལས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

W020220113818000856506.png

པར་འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་རེད།

ཧོ་པེ་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ཚོང་ཚོགས་ནི་རིམ་པ་ཁག་གི་སྲིད་གཞུང་གིས་མཐོང་ཆེན་དང་ཁྲིད་སྟོན་ཤུགས་ཆེན་བྱེད་དགོས་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་རེད། ཧོ་པེ་ཞིང་ཆེན་དམངས་སྲིད་ཐིང་གིས་ཧོ་པེ་ཞིང་ཆེན་བོད་ལྗོངས་ཚོང་ཚོགས་ཀྱི་ཐོ་འགོད་དོ་དམ་ལས་ཁུངས་ཡིན་པའི་ཆ་ནས། ཚོང་ཚོགས་ཀྱི་ལས་དོན་ཁག་ལ་མུ་མཐུད་ཁྲིད་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་དང་། ཕྱོགས་ཁག་ནས་ཚོང་ཚོགས་འཕེལ་རྒྱས་དང་ནུས་པ་འདོན་སྤེལ་བྱ་རྒྱུར་ཞབས་འདེགས་ཡག་པོ་ཞུ་རྒྱུ་དང་ཆ་རྐྱེན་བཟང་པོ་གཏོད་རྒྱུ་རེད་ཅེས་བཤད།

ཤེས་གསལ་ལྟར་ན། ཧོ་པེ་ཞིང་ཆེན་བོད་ལྗོངས་ཚོང་ཚོགས་ནི་ཧོ་པེ་རུ་ཚོང་རྒྱག་པ་དང་ཁེ་ལས་གཉེར་བའི་བོད་ལྗོངས་ཀྱི་བཟོ་ཚོང་མི་སྣ་དང་། དེ་བཞིན་བོད་ལྗོངས་སུ་འཕེལ་རྒྱས་འགྲོ་འདོད་ཡོད་པའི་བཟོ་ཚོང་ལས་རིགས་ཀྱི་ཕུལ་བྱུང་མི་སྣས་རང་མོས་ངང་བཙུགས་པའི་ཞིང་ཆེན་རིམ་པའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཤིག་རེད། ཚོང་ཚོགས་བཙུགས་རྗེས་ཧོ་པེར་གཞི་ཚུགས་པ་དང་། བོད་ལྗོངས་ལ་ཞབས་འདེགས་ཞུ་བ། བོད་ལྗོངས་ཚོང་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཧོ་པེ་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། འཆམ་མཐུན་བརྟན་ལྷིང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྟོབས་ཤུགས་སྔར་བས་ཆེ་བ་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།