ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱིས་ལོ་ངོ4000འདས་པའི་ལོ་རྒྱུས་སྔོན་གྱི་ཡུལ་ཚོའི་གནའ་ཤུལ་རྙེད།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་ཚེས13ཉིན་སྤེལ་བའིགནའ་དཔྱད་ཀྲུང་གོ”ཡི་རྣམ་གྲངས་གལ་ཆེན་དང་འཕེལ་འབྲས་གལ་ཆེན་གྱི་བྱ་བའི་ཚོགས་འདུའི་ཐོག་རྒྱུས་ལོན་པ་ལྟར་ན། གནའ་རྫས་རྟོག་ཞིབ་པས་བོད་ལྗོངས་ཁང་དམར་རྫོང་དུ་ད་བར་ལོ་ངོ4000ལྷག་འདས་པའི་ལོ་རྒྱུས་སྔོན་གྱི་ཡུལ་ཚོའི་གནའ་ཤུལ་ཏེ་མ་བུ་མཚོ་གནའ་ཤུལ་བརྙེད། གནའ་ཤུལ་དེར་བང་སོ10དང་། མེ་ཁུང་། ཐལ་དོང་སོགས་མིའི་རིགས་ཀྱི་འཚོ་བའི་རྗེས་ཤུལ་ཡོད་ལ། རྡོ་ཆས་དང་། རྫ་ཆས། རུས་ཆས། ཉ་ཕྱིས་སོགས་གནའ་ཤུལ་དངོས་རྫས་རྙེད་ཡོད། མ་བུ་མཚོ་གནའ་ཤུལ་གྱིས་གནའ་རྟོག་རིག་པའི་རིག་གནས་རྣམ་པ་གསར་པ་ཞིག་མཚོན་པ་མ་ཟད། བོད་ལྗོངས་ཀྱི་ལོ་རྒྱུས་སྔོན་གྱི་གནའ་རྟོག་རིག་པའི་རིག་གནས་རིམ་སྟར་དང་། མིའི་རིགས་ཀྱིས་མཐོ་གྲང་དབྱང་ཉུང་གི་ཐལ་ཞན་ཁོར་ཡུག་ལ་གོམས་པའི་བརྒྱུད་རིམ་དང་བྱེད་ཐབས་སོགས་འཚོལ་ཞིབ་བྱེད་པའི་གནད་དོན་ཐད་དོན་སྙིང་གལ་ཆེན་ལྡན།  

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།