ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་བོད་ལྗོངས་ཀྱིས་ཞིང་ལས་དང་ཁེ་ལས་ལ་རོགས་སྐྱོར་དང་དངུལ་བུན་བསྐྱར་གཏོང་བཅས་ཀྱི་ཐད་སྒོར་དུང་ཕྱུར7ལྷག་རྩིས་སྤྲོད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་གསལ་ལྟར་ན། 2021ལོར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་བུན་བསྐྱར་གཏོང་དང་། དུས་མ་ཐིམ་པའི་སྐྱེད་ཀ་གནད་འཁེལ་ཡོང་བར་བྱེད་པ། དྲང་ཕྱོགས་ཀྱི་ལྕག་སྐུལ་ནུས་པ་བཅས་མུ་མཐུད་འདོན་སྤེལ་བྱས་ཤིང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། དམངས་གཉེར་ཁེ་ལས། དེ་བཞིན“ཞིང་གསུམ”སོགས་ཉམས་ཞན་ལྷུ་ཚིགས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ལྗོངས་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིས་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་དུས་ཚོད་ཀྱི་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་སྤྱོད་པར་ཁྲིད་སྟོན་བྱས་ཏེ། དེ་ཉིད་བར་བརྒལ་དུས་སྐབས་ནང་གི་རོགས་སྐྱོར་སྲིད་ཇུས་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ། 2021ལོར། དུས་བཅད་ལོན་པའི་དབུལ་སྐྱོར་དངུལ་བུན་བསྐྱར་གཏོང་སྒོར་དུང་ཕྱུར6.84ཡི་དུས་ཚོད་ཕྱིར་འགྱངས་བྱས་ནས། ཞིང་སྡེའི་ཐོན་ཁུངས་མཁོ་འདོན་བྱེད་ཤུགས་ནུས་ལྡན་སྒོས་ཆེ་རུ་བཏང་བ་དང་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། 2021ལོར་བོད་ལྗོངས་ཀྱིས་བསྡོམས་པས་ཞིང་ལས་དང་ཁེ་ལས་ལ་རོགས་སྐྱོར་དང་། དངུལ་བུན་བསྐྱར་གཏོང་ཁག4འགྲེམ་གཏོང་བྱས་པ་དང་དངུལ་འབོར་སྒོར་དུང་ཕྱུར7.18ཟིན་ཡོད་ཅིང་། དེའི་ཁོངས་གཏོགས་ཀྱི་ཞིང་འབྲེལ་དང་། ཁེ་ལས་ཆེས་ཆུང་གྲས། དམངས་གཉེར་ཁེ་ལས(སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཚུད་པ)590ལྷག་ལ་རྒྱབ་སྐྱོར་ཐོབ་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།