ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མི་རིགས་མཐུན་སྒྲིལ་གྱི་ཞི་མཐུན་སྙན་དབྱངས་ལྷང་ལྷང་གྲགས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་སྐོར་གྱི་མཐོང་ཐོས།

2021ལོའི་ཟླ་1ཚེས་19ཉིན། མངའ་རིས་ས་ཁུལ་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ས་ཁུལ”གྱི་མིང་བཏགས་པ་རེད། 2017ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་33དང་སྔོན་ཐོན་མི་སྒེར་45ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་3དང་སྔོན་ཐོན་མི་སྒེར་3ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཡོད། གྲངས་གཞི་དེ་དག་གི་རྒྱབ་ཏུ་དོན་དངོས་དང་གསོན་ཉམས་དོད་པའི་མི་སྣ་དང་གཏམ་རྒྱུད་མང་པོ་ཡོད།

ཀོ་རུའེ། སྤྱི་ལེ་4000ལྷག་ཙམ་ས་ནས་བཟའ་ཟླ་དང་འགྲོགས།

“ངའི་བཟའ་ཟླ་ནི་མཐའ་སྲུང་འཐབ་འཛིང་པ་ཞིག་རེད། ཁོང་གི་འགན་འཁྲི་ནི་མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན་པས་ང་ཁོང་གི་རྗེས་སུ་འབྲང་འདོད་ཡོད”ཅེས་ཀོ་རུའེ་ཡིས་བློ་རྩ་བརྟན་པོས་བཤད་པ་དང་། ཁོང་གིས་སྤྱི་ལེ་4000ལྷག་ཙམ་གྱིས་ཆོད་པའི་ལན་ཡུན་ཀང་ནས་མངའ་རིས་སུ་ཡོང་སྟེ་ལོ་མང་རིང་རང་གི་བཟའ་ཟླ་དང་མཉམ་དུ་འཚོ་བ་བསྐྱལ།

ཀོ་རུའེ་དང་ཁོང་གི་བཟའ་ཟླ་ཕུར་བུ་རྡོ་རྗེ་གཉེན་སྒྲིག་བྱས་ནས་ལོ་12སོང་བ་དང་ཁོང་གཉིས་སློབ་ཆེན་འགྲིམ་སྐབས་ཕན་ཚུན་ངོ་ཤེས། ཀོ་རུའེ་སློབ་ཆེན་ཐོན་རྗེས་བཟའ་ཟླ་ཕུར་བུ་རྡོ་རྗེ་སེམས་ཁྲལ་མེད་པའི་ངང་མཐའ་མཚམས་འགག་སྒོར་གཞིས་ཆགས་ཐུབ་ཆེད། ཀོ་རུའེ་ཡིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མངའ་རིས་སུ་ཡོང་ནས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་ཉེན་རྟོག་པ་ཞིག་བྱས།

ལས་ཀའི་ངོ་བོ་དམིགས་བསལ་ཡིན་པའི་དབང་གིས་བཟའ་ཚོ་གཉིས་གྲོང་ཁྱེར་གཅིག་ཏུ་བསྡད་ཀྱང་། མཉམ་འཛོམས་ཀྱི་དུས་ཚོད་ཧ་ཅང་ཉུང་ཉུང་ཡིན་པ་དང་ལས་དུས་འཕར་མ་བྱེད་དགོས་པ་ནི་རྒྱུན་རྣམ་ཞིག་རེད། ཀོ་རུའེ་ཡིས་ཕྱིར་དྲན་བྱས་པར་གཞིགས་ན། ཁོང་ལ་མངལ་འཁོར་ནས་ཟླ་བ་ལྔ་ལྷག་ཙམ་འགྲོ་སྐབས་ཁྱོ་གར་གློ་བུར་དུ་ལས་འགན་སྒྲུབ་དགོས་པའི་བཀའ་འབྱོར་ནས་འགྲོ་དགོས་བྱུང་། སྐབས་དེ་དུས་ཁོ་མོར་མངལ་འཁོར་ནས་ལུས་པོ་མི་བདེ་བའི་ཁར་ས་མཐོ་མི་འཕྲོད་པས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད། འོན་ཀྱང་ཟླ་བ་ཁ་ཤས་བྲལ་དགོས་ནའང་། རང་གི་བཟའ་ཟླ་བློ་གཅིག་སེམས་གཅིག་གིས་ལས་ཀ་བྱེད་ཐུབ་ཆེད་དཀའ་ངལ་ག་ཚོད་ཆེ་རུང་ཁོང་གིས་སྡུག་རུས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད།

ལོ་མང་རིང་བཟའ་མི་གཉིས་མཉམ་འཛོམས་ཀྱི་དུས་ཚོད་ཉུང་ཉུང་ཡིན་རུང་། ཀོ་རུའེ་ཡིས་འཁང་ར་གཏན་ནས་བྱེད་ཀྱི་མེད། “མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་དང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཆེད། ང་དང་བཟའ་ཟླས་བླ་ན་མེད་པའི་རྒྱལ་སྐྱོབ་ཁྱིམ་སྲུང་གི་ལས་དོན་ནང་ཞུགས་པས་གཟི་བརྗིད་ཆེན་པོ་ཡིན་སྙམ་གྱི་འདུག ང་ཚོས་ཕན་ཚུན་དཀའ་ངལ་ཁྱད་བསད་བྱས་ནས་རང་གི་བཟའ་ཟླར་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་ཀོ་རུའེ་ཡིས་བཤད།

ལའོ་དབྱང་། རྐང་འོག་གི་ས་གཞི་ནི་ངའི་ཁྱིམ་གཞིས་ཡིན།

ལའོ་དབྱང་གི་མིང་ཆ་ཚང་ལ་དབྱང་ཀུའེ་ཧྥང་ཟེར་བ་དང་དེ་སྔ་ཞུས་ཀྲོའུ“འཛུགས་སྐྲུན་ཀུང་སི་བཞི་པའི”རྩིས་པ་རེད། 1996ལོར། ཨར་ལས་རུ་ཁག་དང་མཉམ་དུ་རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་ཐོག་མར་སླེབས་སྐབས་ཨར་ལས་རུ་ཁག་གི་ས་གནས་དེ་གའི་མང་ཚོགས་ཚེས་གཅིག་སྒྲོལ་མ་ངོ་ཤེས་ཤིང་། སྐབས་དེ་དུས་ཚེས་གཅིག་སྒྲོལ་མའི་སྔར་གྱི་བཟའ་ཟླ་གྲོངས་ཟིན་པ་དང་ལོ་ཤས་རིང་ཁོང་དང་ཕྲུ་གུ་གཉིས་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་སྐྱེལ་བཞིན་ཡོད། དབྱང་ཀུའེ་ཧྥང་གིས་ཁོ་མོའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཚེས་གཅིག་སྒྲོལ་མའི་འཚོ་བར་ལྟ་རྟོག་བྱས།

ལའོ་དབྱང་དང་ལས་འགྲོའི་མདུད་པ་ཐེབས་པའི་སྐོར་གླེང་སྐབས། ཚེས་གཅིག་སྒྲོལ་མས“སྐབས་དེ་དུས་ང་ཕྱིར་སྐབས་འཕྲལ་གླ་པ་བྱེད་པར་འགྲོ་ཡི་ཡོད་པ་དང་བུ་དང་བུ་མོ་སྤུན་མཆེད་ཀྱི་ཁྱིམ་དུ་བཅོལ་གྱི་ཡོད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ལའོ་དབྱང་གིས་ངའི་ཁྱིམ་གྱི་གནས་ཚུལ་ཤེས་རྗེས་རྟག་ཏུ་ང་ལ་ཕག་ཀྲིན་སོགས་འཁྱེར་ཡོང་གི་འདུག་ལ་ངའི་བུ་དང་བུ་མོར་དེ་བས་ཀྱང་བྱམས་སྐྱོང་བྱེད་ཀྱི་འདུག”ཅེས་བཤད། 1997ལོར་ཚེས་གཅིག་སྒྲོལ་མ་ལའོ་དབྱང་དང་མཉམ་དུ་ཞུས་ཀྲོའུ་རུ་གཉེན་སྒྲིག་བྱེད་པར་བསྐྱོད། གཉེན་སྒྲིག་བྱས་རྗེས་ལའོ་དབྱང་གིས་ཡུལ་མི་སྤུན་མཆེད་དང་ཁ་བྲལ་ནས་སླར་ཡང་ཕ་ཡུལ་གཉིས་པ་བསྟི་ཡག་གྲོང་ཚོར་ལོག

བསྟི་ཡག་གྲོང་ཚོར་སླེབས་རྗེས་ལའོ་དབྱང་གིས་ནང་མི་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད། ཁོང་གིས་སླར་ཡང་ཨར་རྒྱག་ལས་ལ་གཞོལ་ཏེ་བཅའ་སྡོད་དཔུང་སྡེ་དང་གྲོང་ཚོར་སྡོད་ཁང་རྒྱག་རོགས་དང་། ཁང་པ་ཉམས་བཟོ། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ལམ་བཟོ་བ་དང་ཟམ་པ་རྒྱག་པ་སོགས་བསྟི་ཡག་གྲོང་ཚོར་འཚོ་བ་སྐྱེལ་བའི་ལོ་25ཡི་རིང་ཁོང་གིས་ས་ཆ་དེ་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་ཡི་ཡོད།

2017ལོར། ལའོ་དབྱང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་ལ་བདམས་པ་རེད།

དབྱང་ཚུང་། མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་པར་བྱེད།

དབྱང་ཚུང་ནི་སི་ཁྲོན་མེ་ཧྲན་ནས་ཡིན་པ་དང་ད་ཆ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་དགོན་གྱི་དགོན་སྡོད་མི་དམངས་ཉེན་རྟོག་པ་ཞིག་རེད། དབྱང་ཚུང་གི་སྐོར་གླེང་སྐབས་འཁོར་ཆགས་དགོན་པའི་དགེ་འདུན་པ་དང་ཉེ་འཁོར་གྱི་གྲོང་མི་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད།

ལས་ཀའི་ཁྲོད་དབྱང་ཚུང་གིས་གྲོང་མི་དང་དགེ་འདུན་པ་དང་སྙིང་གཏམ་ཤོད་པ་དང་གྲོགས་པོ་སྒྲིག་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཁོང་གིས“གཉིས་སྤེལ”བྱེད་སྒོ་སྤེལ་བ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས། ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱས་ཏེ་རྟག་ཏུ་གྲོང་མིའི་ཁྱིམ་ཚང་དང་གྲྭ་ཤག་ཏུ་འདྲི་རྟོག་ལ་སྐྱོད་ཀྱི་ཡོད་ཅིང་། ལོ་ཤས་རིང་དབྱང་ཚུང་གི་བོད་སྐད་བྱང་ཆུབ་ཏུ་ཕྱིན་ཡོད།

ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་གཡུལ་ས་ཞིག་ཡིན་པའི་ངོས་ནས། ལོ་དེ་དག་རིང་དབྱང་ཚུང་དང་ཁོང་གི་ལས་རོགས་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སོགས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཡོད།

དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགེ་འདུན་པའི་ཐུན་མོང་གི་འབད་བརྩོན་འོག 2020ལོའི་ཟླ10པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གིས་འཁོར་ཆགས་དགོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཉམས་མྱོང་དང་། བྱེད་ཐབས། ལས་ཀའི་ཕན་འབྲས་བཅས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱས་པ་དང་། 2021ལོར་འཁོར་ཆགས་དགོན་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དཔེ་བཟང་ཚན་པར་བདམས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།