ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ལྷ་ས་གྲོང་ཁྱེར་གྱིས་སྡོང་འཛུགས་ནགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི24བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། ད་ལོར་ལྷ་ས་གྲོང་ཁྱེར་གྱིས་རེས་སྐོར་གསར་པའི་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྔོན་དཔག་ལྟར་ན། སྡོང་འཛུགས་ནགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི21(རི་བསྡོམས་ནགས་སྐྲུན་རྒྱ་ཁྱོན་ཚུད་པ)ལེགས་འགྲུབ་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས། ད་ལོར་ལྷ་ས་གྲོང་ཁྱེར་གྱི་ནགས་སྐྲུན་ལྗང་བསྒྱུར་གྱི་ལས་དོན་དེ་ཐོག་མར་གྲོང་ཁུལ་གཙོ་བོའི་ལྷོ་བྱང་གི་རི་བོ་གཉིས་ནས་མགོ་བརྩམས་ཏེ་རིམ་བཞིན་ཤར་ནུབ་ཀྱི་གཞོགས་གཉིས་སུ་རྒྱ་བསྐྱེད་རྒྱུ་དང་། “འགྲམ་བཞིའི”སྡོང་འཛུགས་མུ་མཐུད་ལག་བསྟར་བྱས་ཏེ་སྡོང་པོ་རྐང་ཁྲི118འཛུགས་རྒྱུ་དང་། 2021ལོའི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་ཡིན་ལ། ར་སྐོར་ནས་མུའུ་ཁྲི40འདེབས་འཛུགས་བྱ་རྒྱུ་དང་། རྩྭ་ཐང་མུའུ་ཁྲི7ལེགས་བཅོས་བྱ་རྒྱུ། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་5འདེབས་རྒྱུ། 2022ལོའི་འོས་འགན་སྡོང་འཛུགས་ནགས་སྐྲུན་བྱ་འགུལ་སྤེལ་ནས་མུའུ་ཁྲི3གྱི་སྡོང་འཛུགས་ནགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ་ཡིན་ཞེས་བསྟན། 

2022ལོར་ལྷ་ས་གྲོང་ཁྱེར་གྱིས་ད་དུང་ལྷུན་གྲུབ་རྫོང་གི་བརླན་སའི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་དང་། བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྱོང་གི་རྣམ་གྲངས་ལས་གྲྭ། བོད་ལྗོངས་ཡངས་པ་ཅན་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་རྣམ་གྲངས་སོགས་ལག་བསྟར་བྱ་རྩིས་ཡོད།

ཤེས་གསལ་ལྟར་ན། 2021ལོར་ལྷ་ས་གྲོང་ཁྱེར་གྱིས་ནགས་སྐྲུན་ལྗང་བསྒྱུར་མུའུ་ཁྲི8.5ལེགས་འགྲུབ་ཟིན་ནས་ནགས་ཚལ་ཁྱབ་ཚད20%ཟིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད69.82%ལ་སླེབས། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།