ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས2022ལོའི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2022ལོའི་ཟླ1པོའི་ཚེས10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་གཉིས་པ་ཡིན་པ་དང་། དུས་ཆེན་གྱི་སྔ་ནུབ་ཏུ་ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས2022ལོའི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་རྟེན་འབྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ལྡན་པའི་བསམ་པ་དང་། འགན་འཁྲི་འཁུར་སེམས། གཏོགས་སེམས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་།

༡.jpg

རྒྱུས་ལོན་བྱུང་བ་ལྟར་ན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་མི་འགྱངས་བར་སྤེལ་མགོ་ཚུགས་རྒྱུ་ཡིན་ལ། ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ལྕགས་ལམ་སྡེ་ཚན་དང་འབྲེལ་གཏུག་གཞོགས་འདེགས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས། འབྲེལ་ཡོད་འཕྲལ་བསྟུན་ཐག་གཅོད་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ཁུལ་དུ་ལྟ་སྲུང་སྐོར་ཞིབ་དང་དྲག་ཆས་སྐོར་གཡེང་ནན་མོ་བྱེད་པ། བདེ་འཇགས་དོ་དམ་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ། མེ་འཁོར་འབབ་ཚུགས་ཀྱི་མཐའ་འཁོར་ས་ཁུལ་གྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འབབ་ཚུགས་ཀྱི་བདེ་འཇགས་ཁོར་ཡུག་ལེགས་པོར་སྲུང་སྐྱོང་ཏན་ཏིག་བྱས་ནས་འགྲུལ་པ་བདེ་འཇགས་ངང་ཕྱིར་སྐྱོད་པར་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།