ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ཐང་དྲ་བ་སྦྲེལ་ནས་གློག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཁྲེང་ཏུའུ་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་གིས་བསྐྲུན་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཡིན་པའི་བོད་ལྗོངས་མཚོ་སྨད་གྲི་གུའི་ཁ་ཐོར་རྣམ་པའི་རླུང་གློག་ཐང་གི་འཕྲུལ་ཚན་ཁག་དང་པོ་དྲ་བ་སྦྲེལ་ནས་གློག་བཏང་བས། རྒྱལ་ནང་དང་རྒྱལ་སྤྱིའི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་གསར་སྤེལ་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲི་གུའི་རླུང་གློག་རྣམ་གྲངས་ནི་འབྲི་ཆུའི་འགག་གསུམ་ཚོགས་པས་མ་རྩ་བཏང་བ་ཞིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་ཆགས་པ་དང་། ས་བབ་མཐོ་ཚད་སྨི་4850ནས་སྨི་5500ཡི་སར་ཆགས་ཡོད། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་22ཟིན་པ་དང་། ཆན་ཧྥུའུ་110ཟིན་པའི་གློག་གནོན་ས་ཚུགས་1བསྐྲུན་ཡོད་པ་རེད།

རླུང་གློག་ཐང་དེ་2021ལོའི་ཟླ་5ཚེས་10ཉིན་འཕྲུལ་ཚན་ཐོག་མ་འདེགས་སྒྲིག་བྱེད་འགོ་ཚུགས་པ་དང་། ལོ་དེའི་ཟླ་10ཚེས་7ཉིན་འཕྲུལ་ཚན་ཚང་མ་འདེགས་སྒྲིག་བྱས་ཟིན་པ་རེད། འཛུགས་སྐྲུན་བྱེད་རིང་། ལས་དོན་མི་སྣས་ས་མཐོར་གསོ་རླུང་དཀོན་པ་དང་། ཆར་རླུང་དང་གངས་ཆེན་པོ་བབས་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་པ་དང་། ལག་རྩལ་གྱི་དཀའ་གནད་ལས་ཧུར་ཐག་སྒྲོལ་བ་བྱས་ཏེ། འཕྲུལ་ཚན་ཐོན་སྐྱེད་བཟོ་སྐྲུན་དང་། དངོས་ཟོག་ཆེ་རིགས་བར་ཐག་རིང་བའི་སྐྱེལ་འདྲེན། འཕྲུལ་ཚན་གྱི་རྨང་གཞིའི་ཨར་ལས། འདེགས་སྒྲིག་ལས་སྒྲུབ་སོགས་ཀྱི་ལྷུ་ཚིགས་མང་པོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་། ལས་དུས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་མཐར་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བདེ་བླག་བྱུང་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་ཚན་ཞིབ་དཔེ་སྟོན་རྣམ་གྲངས་ཡིན་པ་དང་། སླད་ཕྱིན་འཛུགས་སྐྲུན་འཁོར་སྐྱོད་ལ་གྲངས་གཞིའི་འདེགས་སྐྱོར་བྱས་ནས་རླུང་གློག་ལས་རིགས་ཀྱིས་ས་བབ་མཐོ་ཤོས་ཁུལ་དུ་ལག་རྩལ་འཚོལ་ཞིབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། རྣམ་གྲངས་དེ་བསྐྲུན་རྗེས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་ས་གནས་དེ་གའི་ཐོན་ཁུངས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། གྲི་གུ་མཚོའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་སུ་གཏོང་བ། བོད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་བ། “བོད་གློག་ཕྱིར་གཏོང”ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐཱན་ཚད་ཚད་གཞིར་སླེབས་པ་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།