གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྐོར་བཞི་བའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐོར་བཞི་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་རྒྱལ་ཁའི་ངང་བསྐྲུན་ནས། ཞིབ་བཤེར་རྩིས་ལེན་ལས་དོན་བདེ་བླག་ངང་ལེགས་འགྲུབ་ཟིན་ཡོད།

གྲོང་ཁྱེར་རིག་གནས་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་ལྟར་ན། 2018ལོའི་ཟླ4པར་གཞིས་ཀ་རྩེ་གྲོང་ཁྱེར་ལ་སྐོར་བཞི་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གསར་འཛུགས་གྲོང་ཁྱེར་གྱི་ཐོབ་ཐང་ཐོབ་པ་ནས་བཟུང་། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་རྨང་གཞིའི་ལས་དོན་ལ་བརྩིས་ཏེ། རིག་གནས་དམངས་ཕན་གྱི་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་པ་རེད། གཞིས་ཀ་རྩེ་གྲོང་ཁྱེར་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། ཇོ་མོ་གླང་མའི་ཟློས་གར་ཁང་ཆེན་མོ། གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་བཅས་ཀྱི་རྣམ་གྲངས་བསྐྲུན་ནས་བེད་སྤྱོད་བཏང་བ་བརྒྱུད། གཞིས་ཀ་རྩེའི་ཟློས་གར་ཁང་དང་། ཧྲང་ཧའེ་ལུས་རྩལ་ཐང་། རྟེན་རྫས་བཤམས་མཛོད་ཁང་། ཇོ་མོ་གླང་མའི་གློག་བརྙན་ཁང་བཅས་འཁོར་སྐྱོད་ཡག་པོ་བྱུང་ནས། གྲོང་ཁྱེར་ཡོངས་སུ“ཁང་གསུམ་ཐང་གཅིག་ལྟེ་གནས་གཅིག”གི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ཤང་གྲོང(ཁྲོམ་གཞུང)204ལ“ཁང་བཞི་དང་ཚོམས་ཆེན་གཅིག”གི་ཚད་གཞི(དཔེ་དེབ་ལྟ་ཀློག་ཁང་དང་། གསོ་སྦྱོང་སློབ་ཁང་། རོལ་རྩེད་བྱ་འགུལ་ཁང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་གཞི་རིམ་ཞབས་ཞུ་ཁང་། ནུས་མང་ཚོམས་ཆེན)མངོན་འགྱུར་བྱུང་ལ། ཕྱོགས་བསྡུས་རིག་གནས་ས་ཚིགས་ཚང་མར་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ(སྡེ་ཁུལ)1673དུ་རིག་གནས་ཁང་དང་ཞིང་པའི་དཔེ་དེབ་ཁང་ཁྱབ་ཚད100%ཟིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། དཔེ་སྟོན་ཁུལ་བཙུགས་པ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ས་གནས་ནོར་སྲིད་དང་། དེ་བཞིན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར3.9བརྩོན་ལེན་བྱས་ནས་རིག་གནས་བྱ་གཞག་འཛུགས་སྐྲུན་ཐད་སྤྱད་པ་རེད། མ་དངུལ་སྒོར་ཁྲི8300ལྷག་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག1666བཙུགས་པའི་ལས་དོན་ལེགས་འགྲུབ་བྱུང་བ་དང་། རོང་འབྲོག་པའི་འཁྲབ་སྟོན་པ་ཁྲི3ལྷག་ཟིན་ཡོད། གཞི་རིམ་གྱི་རིག་གནས་རྐང་འཛིན་པ་རང་སྐྱོང་ལྗོངས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་མངགས་ནས་མཉམ་ཞུགས་སློབ་སྦྱོང་བྱས་ཏེ། རིམ་རྩིས་བྱས་ན་མི་ཐེངས1000ལྷག་ལ་གསོ་སྦྱོང་བྱས་པ་རེད། རང་ཡུལ་གྱི་རིག་གནས་མཁས་པ་དང་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སོགས་མི1056རིག་གནས་དང་བླངས་པའི་དཔུང་ཁག་ནང་ཞུགས་རྒྱུར་སྐུལ་མ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།