ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མངའ་རིས་ཀྱིས་ཧྲན་ཞི་ལ་རིམས་འགོག་དངོས་ཟོག་གི་ཞལ་འདེབས་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220111319856808503.jpg

པར་འདི་ནི་རོགས་སྐྱོར་དངོས་ཟོག་དབོར་འདྲེན་བྱེད་པའི་ལྗིད་ཐེག་རླངས་འཁོར4བོད་ལྗོངས་མངའ་རིས་ས་ཁུལ་ནས་ཧྲའན་ཞི་ཞིང་ཆེན་དུ་བསྐྱོད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན་གྱི་སྔ་དྲོར། “ཧྲན་ཞི་ཤུགས་རྒྱོབས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བྲིས་ཡོད་པའི་ཟོག་འདྲེན་རླངས་འཁོར་4ཡི་ནང་འགོས་ནད་སྔོན་འགོག་གི་སྨན་རྫས་དང་། ལུག་ཤ གཏེར་ཆུ་སོགས་ཀྱི་རོགས་སྐྱོར་དངོས་ཟོག་དབོར་འདྲེན་བྱས་ནས། བོད་ལྗོངས་མངའ་རིས་ས་ཁུལ་ནས་ལམ་ལ་ཆས་ཏེ་ཧྲན་ཞི་ཞིང་ཆེན་དུ་བསྐྱོད་ནས་སན་ཆིན་ས་གཞི་ཆེན་མོར་གངས་ལྗོངས་མཐོ་སྒང་གི་སྨོན་འདུན་བསྐྱལ་བ་རེད།

W020220111319856967600.jpg

པར་འདི་ནི་ཧྲན་ཞི་ཞིང་ཆེན་ལ་དབོར་འདྲེན་བྱ་རྒྱུའི་ལུག་ཤ་སོས་པ་རེད།

ཧྲའན་ཞི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་རམ་བྱ་ཆེད། ཧྲན་ཞི་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱི་ས་ཁུལ་ཡིན་པའི་བོད་ལྗོངས་མངའ་རིས་ཀྱིས་སྤྱིའི་རིན་ཐང་སྒོར་ཁྲི90ཡི་རོགས་སྐྱོར་དངོས་ཟོག་གྲབས་གསོག་བྱས་ཤིང་། དེའི་ནང་གཏེར་ཆུ1191དང་། ལུག་ཤ600། “ནག་པོ་དགུ་སྦྱོར”5556བཅས་ཚུད་ཡོད།

མངའ་རིས་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཆེད་བསྐོས་པ་གཞོན་པ་ཀྲང་ཞའོ་ཕིང་གིས“རོགས་སྐྱོར་དངོས་ཟོག་འདི་དག་གིས་མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཧྲན་ཞི་མི་དམངས་ལ་བཅངས་པའི་ཐུགས་ཁུར་དང་སྨོན་འདུན་མཚོན་ཡོད། ཧྲན་ཞི་མི་དམངས་ཀྱིས་སྔ་མོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྨོན་འདུན་ཞུ་རྒྱུ་ཡིན” ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།