ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་ཞིབ་བཤེར་རྩིས་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། རྟོག་ཞིབ་དང་བརྙན་ལམ་རྩོད་ལེན། ཡུལ་དངོས་བསྐྱར་ཞིབ་བཅས་ཀྱི་གོ་རིམ་བརྒྱུད། བོད་ལྗོངས་ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་གྱིས་ཚན་རྩལ་པུའུ་ཡི་གླིང་ཁུལ་ཞིབ་བཤེར་རྩིས་ལེན་ལས་དོན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། དེ་ནི་བོད་ལྗོངས་སུ་ཞིབ་བཤེར་རྩིས་ལེན་བྱས་པའི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་བཞི་པ་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཉིང་ཁྲིའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ2016ལོའི་ཟླ5པར་སྐྲུན་མགོ་ཚུགས་པ་དང་། 2018ལོའི་ཟླ12པར་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་སྐོར་བརྒྱད་པར་གཏན་འཁེལ་བྱས་པ་རེད། ལོ་མང་རིང་། གླིང་ཁུལ་གྱིས“སྲིད་གཞུང་གིས་སྣེ་ཁྲིད་དང་། ཁྲོམ་རའི་འཁོར་སྐྱོད། སྤྱི་ཚོགས་ཟབ་ཞུགས། ཞིང་པར་ཕན་འདོགས་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་གསར་གཏོད་ཁྲིད་སྟོན་དུ་བྱེད་པ་དང་ལས་སྟེགས་བསྐྲུན་རྒྱུ་གཞི་རྟེན་དུ་བྱས་ནས་མ་དངུལ་དང་། རྣམ་གྲངས། ཤེས་ལྡན་མི་སྣ། ལག་རྩལ་བཅས་གླིང་ཁུལ་དུ་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་ཐོན་སྐྱེད་དང་གྲུབ་འབྲས་གཞན་སྒྱུར། དཔེ་སྟོན་ཁུལ་འགྲེམ་སྟོན། སྤྲོ་གསེང་ལྟ་སྐོར། གསར་སྐྲུན་ལས་གཏོད། ཤེས་ལྡན་མི་སྣ་སྐྱེད་སྲིང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་པ་མང་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་མགྱོགས་མྱུར་སྒོས་བསྐྲུན་ཡོད། གླིང་ཁུལ་གྱིས་ཁྱད་ལྡན་ནགས་ཚལ་དང་སིལ་ཏོག་དང་། སྨན་སྤྱོད་ཤ་མོ། བོད་སྨན་རྒྱུ་ཆ་བཅས་ལེགས་ཆའི་ཐོན་ལས་ཆེན་པོ་གསུམ་ལ་དམིགས་ཏེ། ཁྱད་ལྡན་སིལ་ཏོག་ཐོན་ལས་གླིང་དང་། ནགས་ལས་ཐོན་ཁུངས་ཐོན་ལས་གླིང་། བོད་སྨན་རྒྱུ་ཆའི་ཐོན་ལས་གླིང་། སྤྲོ་གསེང་ཞིང་ལས་ལྟ་སྐོར་གླིང་། ཞིང་ལས་ཐོན་རྫས་ཁྲོམ་ར་དང་ཟོག་འགྲེམས་ཚོང་དོན་གླིང་། མཉམ་ལས་གསར་གཏོད་ལྟེ་གནས། གཉིས་གཏོད་ཞབས་ཞུའི་རྟེན་གཞི་བཅས་ལྟེ་བའི་བྱེད་ནུས་ཁུལ་ཆེན་པོ7བསྐྲུན་ནས། བྲག་ཡིབ་ཆུས་ཉང་ཆུ་རྒྱུག་ཁུལ་གྱི་སིལ་ཏོག་ཐོན་ལས་ཁུལ་དང་། རྫ་ཡུལ་རྫོང་གི་ཚ་ཁུལ་ཕལ་པའི་སིལ་ཏོག་ཐོན་ལས་ཁུལ། སྣང་རྫོང་གི་མུའུ་ཁྲིའི་སྟར་ཁའི་ཐོན་ལས་དཔེ་སྟོན་ཁུལ། སྨན་གླིང་གནས་ཡུལ་གྱི་བོད་སྨན་རྒྱུ་ཆ་འདེབས་འཛུགས་རྟེན་གཞི། སྤོ་མེས་རྫོང་སྡོང་ཕུང་ཐོན་ལས་གླིང་གི་དཔེ་སྟོན་ཁུལ་ཆེན་པོ5བཅས་གྲུབ་ཡོད་ལ། བསྡོམས་པས་དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར3.74མངོན་འགྱུར་བྱུང་ཡོད།

བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། མིག་སྔའི་བར་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ4ཡོད་པ་དང་། བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ7ཡོད་ཅིང་། དེས་བོད་ལྗོངས་སུ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་གྱིས་སྣེ་ཁྲིད་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་གཞི་རྟེན་བྱས་པའི་རིམ་པ་མངོན་གསལ་དང་། བྱེད་ནུས་ཕན་ཚུན་གསབ་རེས། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་གྱི་མ་ལག་ཅིག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་མཚོན་ཡོད། དེའི་བོད་ལྗོངས་ཀྱི་ཞིང་ལས་ཐོན་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཤུགས་ཆེན་གྱི་འདེགས་སྐྱོར་དང་འགན་སྲུང་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།