ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱས་ཏེ་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཀྱིས“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་མགོ་ཚུགས་པའི་ཚོགས་ཆེན་བསྡུས་ཤིང་། དེས“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་བོད་ལྗོངས་སུ་ཕྱོགས་ཡོངས་ནས་སྤེལ་བ་མཚོན་ཡོད།

བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཝང་ཉན་ཏུང་གིས“འདས་པའི་ལོ5ཡི་རིང་། ང་ཚོས‘ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་ལ་རོགས་རམ’བྱེད་པའི་གནད་འཁེལ་དབུལ་སྐྱོར་གྱི་བྱ་སྤྱོད་བརྒྱུད་དེ་རྨང་གཞི་བརྟན་པོ་བཏིང་ཡོད་ཅིང་། ‘ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི’བྱ་སྤྱོད་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། 2025ལོར་སླེབས་སྐབས་ལྗོངས་ནང་ཁུལ་གྱི་གཞི་ཁྱོན་ཡན་གྱི་ནུས་པ་དང་འདོད་མོས་ཡོད་པའི་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་རྩ་འཛུགས་གྲོང་གསེབ་དར་སྤེལ་གཏོང་བའི་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ལྡན་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་མ་ལག་རགས་ཙམ་འཛུགས་པ། རྣམ་པ་གསར་བའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། གྲོང་ཚོ་དང་ཁེ་ལས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ནུས་ལྡན་ངང་འཛུགས་པ། མ་ལག་ཚང་བའི་ཞབས་ཞུའི་འགན་ལེན་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད་ལ། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བར་དམངས་གཉེར་ཁེ་ལས་ཀྱི་སྟོབས་ཤུགས་འབུལ་དགོས”ཞེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ཟླ7པའི་ཚེས16ཉིན་རྒྱལ་ཡོངས་ཀྱི“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྤེལ་མགོ་ཚུགས་པའི་ཚོགས་ཆེན་ཧྲན་ཏུང་ཝུའེ་ཧྥང་དུ་འཚོགས་པ་དང་། དེས་རྒྱལ་ཡོངས་ཀྱི“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་དངོས་སུ་སྤེལ་མགོ་ཚུགས་པ་མཚོན་ཡོད། བོད་ལྗོངས་ཀྱི“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ནི་རྒྱལ་ཡོངས་ཀྱི“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ལྗོངས་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན། སླད་ཕྱིན་ལོ་ལྔའི་ནང་། བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་ཆེད་མཁས་པས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ།ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་གྲོང་གསེབ་དར་སྤེལ་གྱི་སྤྱིའི་བླང་བྱ་ལྟར། ཐོན་ལས་དར་རྒྱས་ལས་དོན་གཙོ་གནད་དུ་འཛིན་པ་དང་། རྣམ་པ་གསར་བའི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དམ་འཛིན་བྱ་གཞིར་འཛིན་པ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ཏེ། གྲོང་གསེབ་དང་ཁེ་ལས་ཆ་སྒྲིག་མཉམ་སྐྲུན་ལག་བསྟར་བྱ་རྒྱུ་དང་། གྲོང་གསེབ་ཀྱི་རང་བརྟེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ལ་རོགས་རམ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།