ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་6ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་འཐུས་མི་ཚོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་བ་དང་། གྲོས་ཆོད(འཆར་ཟིན)ཁག་དང་། མི་དོན་དོན་གནད་ཀྱི་འབྲེལ་ཡོད་གཏན་འབེབས(འཆར་ཟིན) རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་འདེམས་བསྐོ་བྱ་ཐབས(འཆར་ཟིན)བཅས་ལ་གྲོས་ཞིབ་གནང་བ། འོས་མིའི་མཚན་ཐོ(འཆར་ཟིན)ཁག་ལ་ནང་གྲོས་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་འདེམས་ཤོག་ལྟ་ཞིབ་པ་མིང་བཏོན་འདེམས་བསྐོ་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། རེན་ཝེ། ཀརྨ་ཚེ་བརྟན་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ལ་ཞུགས་པ་རེད།

འཐུས་མི་ཚོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཟབ་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་གང་ལེགས་མཚོན་ཡོད། སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་དང་ལས་དོན་བཀོད་སྒྲིག་བྱེད་སྐབས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་ཨང་དང་པོར་བཞག་སྟེ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་གང་ལེགས་མཚོན་ཡོད་ཅེས་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས་འཐུས་མི་ཚོས། “ཁང་གཉིས”ཀྱི་སྙན་སྒྲོན་ནང་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དེ་དངོས་ཐོག་བདེན་འཚོལ་དང་། གནད་དོན་ལ་དབྱེ་ཞིབ་བྱས་པ་དེ་དོན་དངོས་དང་མཐུན་ལ་ཞིབ་ཅིང་ཕྲ་བ། ལས་དོན་བཀོད་སྒྲིག་བྱས་པ་དེ་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་བཅས་ཡོད་པས། མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། སྙན་སྒྲོན་ནང་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཀྱི་གཅིག་གྱུར་རང་བཞིན་ལ་དེ་བས་སྣང་ཆེན་དང་། དམངས་ཆེད་ཁྲིམས་འཛིན་དང་སྤྱི་ཚོགས་དོ་དམ་གསར་གཏོད་དང་དེར་ཤུགས་སྣོན་རྒྱག་པའི་གཅིག་གྱུར་རང་བཞིན་ལ་དེ་བས་སྣང་ཆེན་བྱས་ཡོད་པས། སྙན་སྒྲོན་དེ་གཉིས་ལ་རྦད་དེ་མོས་མཐུན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།