ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི12ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཤེས་གསལ་ལྟར་ན། བོད་ལྗོངས་ཀྱི་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི12ལས་བརྒལ་བ་དང་། དེའི་ཁྲོད་རིམ་པ་དང་པོ་ཡན་གྱི་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ1105ཟིན་ཡོད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། 2021ལོར་བོད་ལྗོངས་ཀྱིས་བསྡོམས་པས་ཀྲུང་དབྱང་གི་མ་དངུལ་སྒོར་དུང་ཕྱུར276.95དོན་འཁྱོལ་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་དྲ་རྒྱ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་སོ་སོར100%དང99.96%ཟིན་ཡོད།

གཞན་ཡང་། བོད་ལྗོངས་ཀྱིས་གཙོ་གནད་གཞུང་ལམ་རྣམ་གྲངས15ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། འཛུགས་སྐྲུན་གྱི་སྤྱིའི་ལམ་ཐག་སྤྱི་ལེ2782.5ལྷག་ཟིན་ཡོད། མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་སའི་མཚམས་སུ་བྱེད་ནུས་བསྒྱུར་བཀོད་ཀྱི་ལས་དོན་ལེགས་འགྲུབ་ཟིན་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་མཚམས་སུ་མེ་འཁོར་ཤར་གཏོང་ཐུབ་པ། “བསྐྱར་དར་རྟགས་ཅན”གངས་ལྗོངས་མཐོ་སྒང་ལ་ཐོག་མར་ཤར་གཏོང་ཐུབ་པ། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་གྲུ་ཐང་གིT3མཁའ་འགྲུལ་ས་ཚུགས་སྤྱོད་མགོ་ཚུགས་པ་དང་མཁའ་ལམ19གསར་སྣོན་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།