ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་5ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་སྟེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་ཀྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན། རང་སྐྱོང་ལྗོངས་ཀྱི་2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་སོགས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།

འཐུས་མི་ཚོས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་སྤྱི་ཡོངས་ལ་སྟངས་འཛིན་དང་། དོན་དངོས་དང་མཐུན་ཞིང་ཡང་དག་པ། བདེན་འཚོལ་ཕན་འབྲས་ལྡན་པ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་པས། དེར་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལ་ནན་ཏན་ངང་གོ་བ་ཡག་པོ་ལེན་པ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ཏེ། སེམས་ནུས་ཡོད་རྒུས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁ་གསལ་བཏོན་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

འཐུས་མི་ཚོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་ལས་དོན་ཕྱོགས་སྡོམ་བྱས་པ་དེ་ནི་ཆ་ཚང་ལ་དོན་དངོས་དང་མཐུན་པ་དང་། འབྱུང་འགྱུར་གྱི་ལས་དོན་བཀོད་སྒྲིག་བྱས་པ་དེ་ནི་གཙོ་གནད་མངོན་གསལ་དོད་པོ་ཡོད། སྙན་སྒྲོན་ཧྲིལ་པོ་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ལྟར་ཐབས་བཀོད་ཇུས་འདོན་བྱས་པ་དེ་ཐོག་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་དུས་བསྟུན་འཕེལ་རྒྱས་དང་འཕེལ་རྒྱས་འཐུས་སྒོ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བླང་བྱ་མཚོན་གྱི་ཡོད། དེའི་ཚུགས་གནས་མཐོ་བ་དང་། ནང་དོན་དོན་དངོས་དང་མཐུན་པ། ཚིག་བསྡུས་ལ་དོན་ཟབ་པ། རྩོམ་སྲོལ་བབ་ཆགས་པ་བཅས་ཡོད་པས་རྦད་དེ་མོས་མཐུན་ཡོད་ཅེས་མགྲིན་གཅིག་ཏུ་ངོས་འཛིན་གནང་བ་རེད།

ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས་འཐུས་མི་ཚོས། ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན་ནི་དོན་དངོས་དང་མཐུན་པ་དང་གྲངས་གཞིར་བརྟེན་ནས་རྒྱུགས་ལན་ཕུལ་བ་དེ་ཐོག་ནས་ནན་ཏན་ངང་འགན་འཁྲི་སྒྲུབ་པ་དང་། ནན་ཏན་ངང་གཞུང་དྲང་ཁྲིམས་འཛིན་བྱེད་པ། ཁྲིམས་བཞིན་གྱོད་གཞི་བསྒྲུབ་རྒྱུ་མཐའ་འཁྱོངས་སོགས་ཐད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་མཚོན་གྱི་འདུག་པས་རྦད་དེ་མོས་མཐུན་ཡོད། ལོ་གཅིག་རིང་། ཁང་གཉིས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་ཏེ། ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ། བྱང་ཚད་དང་འཇོན་ཐང་སྔར་བས་ཆེ་རུ་གཏོང་བ། ཁྲིམས་འཛིན་ཐད་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱས་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།

འཐུས་མི་ཚོས། ཁང་གཉིས་ཀྱིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པར་ལྷོད་གཡེང་མི་གཏོང་བ་དང་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བར་ལྷོད་གཡེང་མི་གཏོང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་གྱི་གྱོད་གཞི་ཚང་མའི་ཁྲོད་ནས་མི་རིགས་ཁག་གི་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་བར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་དེ་བས་ནུས་ལྡན་དང་གོ་ཆོད་པའི་ཁྲིམས་འཛིན་གྱི་འགན་ལེན་བྱ་རྒྱུའི་ཐུགས་རེ་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།