ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་བོད་ལྗོངས་ཀྱིས་གྲོང་གསེབ་དར་སྤེལ་དང་མཐའ་དར་དམངས་ཕྱུག་སོགས་ཕྱོགས་དགུའི་ལས་དོན་ཐད་ཤུགས་སྣོན་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220105317926912477.jpg

པར་འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་དབྱར་དུས་ཀྱི་ཡུལ་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་བའི་ཐོག་ཤེས་གསལ་ལྟར་ན། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང2022ལོའི་ལས་དོན་བཀོད་སྒྲིག་བྱས་པ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ནང་མགྱོགས་མྱུར་སྒོས་མཉམ་འདྲེས་བྱ་རྒྱུ་དང་། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་མགྱོགས་མྱུར་སྒོས་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་གཏོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གཏོད་རྒྱུ་སོགས་དང་འབྲེལ་བ་ཡོད། 

W020220105317926916461.jpg

པར་འདི་ནི་བོད་ལྗོངས་ལྷ་ཀླུ་བརླན་སའི་དུས་བྱ་རེད།

སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ལྷ་སའི་ལྟེ་བའི་འཕར་གཞི་གཙོ་བོ་སྟོབས་ཆེར་བཏང་ནས་ལྟེ་བའི་གྲོང་ཁྱེར་གྱི་ཨང་དང་པོའི་ཚད་གཞི་མཐོར་འདེགས་སུ་གཏོང་དགོས། གཞིས་ཀ་རྩེ་ཡིས་ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་འབྱེད་མདུན་ཕྱོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཉིང་ཁྲིའི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྔོན་སྐྱོད་ཁུལ་གཏོད་པ། ཆབ་མདོས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་སྦྲེལ་མཐུད་བྱེད་པའི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་པ། ནག་ཆུ་དང་མངའ་རིས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གོ་གནས་སྲ་བརྟན་དུ་གཏོང་བ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ལུང་གཞུང་གི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྷ་ས་དང་ལྷོ་ཁའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས“གྲོང་ཁྱེར་ལྔར་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ”བསྐྲུན་རྒྱུ་བསྟན་ཡོད།

W020220105317927073430.jpg

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་མཐོ་རིམ་གཞུང་ལམ་རེད།

W020220105317927228637.jpg

པར་འདི་ནི་ཚོགས་འདུའི་ཡུལ་དངོས་རེད།

སྙན་ཞུ་ལྟར་ན། རོང་འབྲོག་ཁུལ་གྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་རྒྱུ་རེད། ཞིང་སྡེའི་གཞུང་ལམ་རྣམ་གྲངས96ལག་བསྟར་བྱས་ནས95%ཡི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ78%ལ་ཨར་འདམ་ལམ་བཏིང་ཡོད། སྲོལ་རྒྱུན་གྲོང་སྡེ་དང་ཞིང་སྡེའི་ཁྱད་ཆོས་རྣམ་པར་སྲུང་སྐྱོབ་ལེགས་པོ་བྱེད་པ། རོང་འབྲོག་ཁུལ་གྱི་མི་ཁྲི18ཀྱི་ཆུ་མཁོ་འདོན་ལས་དོན་འགན་ལེན་མཐོར་འདེགས་ལས་གཞི་ལག་བསྟར་བྱས་ཏེ། ས་བབ་མཐོ་བའི་ས་ཁུལ་དུ་དུས་ཚིགས་རང་བཞིན་གྱི་ཆུ་ཆད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།