ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད99%ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན་གསར་འགོད་པས་བོད་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་ཐོག་ཤེས་གསལ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད99%ལ་སླེབས་པ་དང་། རོང་འབྲོག་པ་ཁྲི69.3ལས་ཞུགས་སྤོ་སྒྱུར་བྱས་པ། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར58.1ཟིན་པ་མངོན་འགྱུར་བྱུང་ཡོད། ཁྲོམ་ར་ཅན་གྱི་ལས་ཞུགས་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་། ལས་ཞུགས་ཀྱི་གནས་བབ་རྒྱུན་མཐུད་ངང་བརྟན་ཐོག་ཡར་འཕེལ་བཅས་བྱུང་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་ཁེ་ལས་ནང་ལས་ཞུགས་བྱ་རྒྱུ་དེ་ལས་ཞུགས་ཀྱི་གཙོ་ཐིག་ཏུ་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་ཁེ་ལས་ཀྱི་ལས་ཞུགས་བྱེད་པོ་བསྡུ་བའི་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་ལྕགས་ལམ་དང་མཁའ་འགྲུལ། དངུལ་རྩ་སོགས་ལས་རིགས་སྡེ་ཁག་དང་སྦྲེལ་མཐུད་བྱས་པ་དང་། བོད་ལྗོངས་སུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ཁེ་ལས་དང་རྒྱལ་གཉེར་ཁེ་ལས་ཆེ་གྲས། དམངས་གཉེར་ཁེ་ལས་བཅས་ལ་ཁ་ཕྱོགས་ནས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་འཚམ་པའི་སྤུས་ལེགས་ལས་གནས་ཐོན་ཁུངས་བསྡུ་རུབ་བྱས་པ། ལོ་ལྟར་རིགས་ཁག་གི་སྤུས་ལེགས་ཁེ་ལས་ཀྱི་ལས་གནས་ཁྲི2ཡན་ཡོངས་བསྒྲགས་བྱས་པ། 2021ལོར་རིགས་ཁག་གི་ཁེ་ལས་ལས་གནས30055ཡོངས་བསྒྲགས་བཅས་བྱས་ཏེ། ལས་གནས་འདོན་སྤྲོད་འདང་ངེས་ལ་འགན་ལེན་ཏན་ཏིག་བྱས། མཐོ་སློབ་མཐར་ཕྱིན་སློབ་མ་ཁེ་ལས་སུ་ལས་ཞུགས་བྱས་ཚེ། འཚོ་བ་དང་སྡོད་ཁང་། ལས་འཚོལ་གསོ་སྦྱོང་སོགས་ཀྱི་ཁ་གསབ་རབ་དང་རིམ་པ་ལོངས་སྤྱོད་བྱས་ཆོག་པ་དང་། མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པའི་ཁེ་ལས་ཀྱིས་སྒྲུབ་འགན་སྤྲོད་ལེན་བྱེད་པའི་སྐབས་སུ་སྐར་གྲངས་སྣོན་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སོགས་སྲིད་ཇུས་ལོངས་སུ་སྤྱད་ཆོག སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དུས་ཡུན་རིང་ཤོས་ལོ6དང་ཁ་གསབ་བྱེད་ཚད100%ཟིན་ཡོད།

གཞན་ཡང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་དམིགས་ནས་བོད་ལྗོངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་དུ་འཚར་ལོངས་བྱུང་བའི་འཆར་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ཕྱོགས་ཡོངས་ནས་གཞི་རིམ་ལས་ཞུགས་ཀྱི་བགྲོད་ལམ་ཤར་གཏོང་བྱེད་པ་དང་། མཐོ་སློབ་མཐར་ཕྱིན་སློབ་མས་གཞི་རིམ་ལ་ཞབས་འདེགས་སྒྲུབ་པ་དང་། གཞི་རིམ་ལ་བྱས་རྗེས་འཇོག་པ། མཐའ་མཚམས་བརྟན་སྲུང་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ལྗོངས་ཡོངས་ཀྱི་སྒྲིག་གཞིའི་སྒྲིག་ཁོངས་ཧ་ཅང་དཀོན་པའི་གནས་ཚུལ་འོག སྔར་བཞིན་གཞི་རིམ་གྱི་ལས་གནས་སྒྲིག་འཛུགས་ངེས་ཅན་ཞིག་བཏོན་ནས་ཡོངས་བསྒྲགས་སུ་མི་སྣ་བསྡུ་ལེན་བྱས་པ་མ་ཟད། གཞི་རིམ་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་ཆེད་བསྐོས་ལས་བྱེད་པ་དང་། གྲོང་ཚོའི(གྲོང་ལྷན)ཚན་རྩལ་ཆེད་བསྐོས་ལས་བྱེད་པ། གྲོང་ཚོའི(གྲོང་ལྷན)སྨན་དོན་མི་སྣ། གྲོང་གསེབ་ཀྱི་བྱིས་སྐྱོང་སློབ་གསོ། ཞིང་ལས་དང་ཞིང་སྡེ་ལས་དོན་གྱི་ཆེད་བསྐོས་མི་སྣ། རོགས་གསུམ་སྐྱོར་གཅིག་སོགས་མཐོ་སློབ་མཐར་ཕྱིན་སློབ་མར་འཚམ་པའི་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ལས་གནས་ཁྲི2.19གསར་སྤེལ་བྱས་པ་རེད། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ལས་གནས་ཐོག་ལས་ཞུགས་ཐུབ་པའི་མཐོ་སློབ་མཐར་ཕྱིན་སློབ་མས་དེ་མཚུངས་ཀྱི་གླ་ཕོགས་དང་གུང་གསེང་། འཕྲིན་གཏོང་། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་རྨང་གཞིའི་སྟེང་། ད་དུང་སྒོར6000གི་ཐེངས་གཅིག་རང་བཞིན་གྱི་གཞིས་ཆགས་ཁ་གསབ་ལོངས་སྤྱོད་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱ་ཆེད་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་མཁོ་འདོན་ལ་འགན་ལེན་བྱས་ཡོད།

བོད་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་མགོ་ཚུགས་མཛད་སྒོའི་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རྗེས་མར་བོད་ལྗོངས་ཀྱིས“N+3”ལས་གནས་འོས་སྦྱོར་བྱེད་སྟངས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ལོ་འདི་གའི་མཐོ་སློབ་མཐར་ཕྱིན་སློབ་མ5000ཁེ་ལས་སུ་ལས་ཞུགས་བྱེད་པའི་འཆར་གཞི་ལག་ལེན་བསྟར་བ། ལྗོངས་ཕྱིར“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལ་སྐུལ་འདེད་གཏོང་བ། མཐོ་སློབ་མཐར་ཕྱིན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད10%ཡན་ཟིན་པ་དང་སྤྱིའི་ལས་ཞུགས་ཐུབ་ཚད95%ཡན་ཟིན་པར་འགན་ལེན་བྱེད་པ། ལག་རྩལ་བྱང་ཆུབ་པའི་བཟོ་པ500གསོ་སྦྱོང་བྱེད་པ། རོང་འབྲོག་པ་ཁྲི10ལ་ནུས་རྩལ་གསོ་སྦྱོང་བྱ་རྒྱུ། རོང་འབྲོག་པ་ཁྲི60ཡན་ལས་ཞུགས་སྤོ་སྒྱུར་ཐུབ་པ་དང་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་བྱེད་ཚད་མི་ཁྲི36ཟིན་ནས་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར50ཡན་ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།