བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་འཁོར་གྱི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི600ལས་བརྒལ་བ།

1310403258_16409233071851n.jpg

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་འགྲུལ་བ་རྣམས་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུTV9850ནས་ཕྱིར་བསྐྱོད་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས30ཉིན། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུTV9850ལྷ་སའི་གོང་དཀར་གནམ་གྲུ་ཐང་དུ་བདེ་འཇགས་ངང་བབས་པ་དང་བསྟུན། དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུའུ་ཡི་ལོ་འཁོར་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི600ལས་བརྒལ་བ་རེད།

རྒྱུས་ལོན་ལྟར་ན། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ1965ལོའི་ཟླ3པར་གནམ་གྲུ་ཤར་གཏོང་བྱས་པ་ནས་བཟུང་། བསྟུད་མར་ལོ་ངོ56རིང་བདེ་འཇགས་འཕུར་སྐྱོད་བྱས་པར་འགན་ལེན་ཐུབ་ཡོད། མིག་སྔར་མཁའ་ལམ150བཏོད་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར68ལ་གནམ་གྲུ་ཤར་གཏོང་ཐུབ་པ། མཁའ་ལམ་གྱི་དྲ་རྒྱའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། གནམ་གྲུ་ཐང་གི་སྒྲིག་བཀོད་དང་སྒྲིག་ཆས་མུ་མཐུད་གསར་སྒྱུར་བཅས་བྱས་ཡོད་པས། བོད་ལྗོངས་སུ་འགྲོ་འོང་བྱེད་པའི་ས་གནས་ཁག་གི་མི་དམངས་ཚོས“མཁའ་དབྱིངས་ཀྱི་བར་ཁྱམས”བརྒྱུད་དེ་འབྲེལ་བ་སྔར་བས་ཟབ་མོ་བྱས་ཡོད། །

1310403258_16409233072291n.jpg

པར་འདི་ནི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལྷ་སའི་གོང་དཀར་གནམ་གྲུ་ཐང་ནས་འཕུར་བཞིན་པའི་རྣམ་པ་རེད།

1310403258_16409233072661n.jpg

པར་འདི་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་ལས་དོན་མི་སྣ་ཞིག་གིས་འགྲུལ་པར་གནམ་གྲུར་སྡོད་པའི་འགྲོ་ལུགས་སྒྲུབ་བཞིན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།