ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡིས་གནས་ཆུང་ཁྲོམ་གཞུང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཚུལ་ལ་དཔྱད་ཞིབ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་རིག་གནས་ཅུས་དཔྱད་ཞིབ་ཚོགས་ཆུང་གིས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་དེ་བཞིན་སྐྱོར་མོ་ལུང་དགོན་གྱི་རིག་དངོས་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་དཔྱད་ཞིབ་བྱས་པ་རེད།

དཔྱད་ཞིབ་ཚོགས་ཆུང་དང་བཅས་པ་སྐྱོར་མོ་ལུང་དགོན་དུ་བསྐྱོད་དེ་རིག་དངོས་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་མེ་ཟོན་སྒྲིག་ཆས་སོགས་ལ་ཞིབ་བཤེར་བྱས་པ་རེད། དེ་རྗེས་གནས་ཆུང་ཁྲོམ་གཞུང་ཕྱོགས་བསྡུས་རིག་གནས་ས་ཚིགས་སུ་བསྐྱོད་དེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་གནས་ཚུལ་ཤེས་རྟོགས་བྱས་ཡོད། དཔྱད་ཞིབ་ཚོགས་ཆུང་གིས་ཁྲོམ་གཞུང་རིག་གནས་ས་ཚིགས་ཀྱི་མི་སྣ་བཀོད་སྒྲིག་བྱས་ཚུལ་དང་། བྱེད་སྒོ་སྤེལ་ཚུལ། རིག་གནས་ས་ཚིགས་ཀྱི་རིན་མེད་ངང་སྒོ་དབྱེའི་ལེ་ལག་ཚང་བའི་མ་དངུལ་བེད་སྤྱོད་བྱས་ཚུལ། སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་སྐྱོང་དང་དོ་དམ་བྱས་ཚུལ་སོགས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས། ཁྲོམ་གཞུང་གི་རིག་གནས་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག གོམ་སྟབས་རྗེས་མའི་ལས་དོན་ལའང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁྲོམ་གཞུང་གིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་བཅོས་སྒྲིག་བྱས་ཏེ་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ཁྲོམ་གཞུང་རིག་གནས་ས་ཚིགས་ནི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཡིན་ལ། མང་ཚོགས་ཀྱི་རིག་གནས་ཁྱབ་གདལ་གཏོང་སའི་གཡུལ་ས་ཞིག་ཀྱང་ཡིན། གོམ་སྟབས་རྗེས་མར་གནས་ཆུང་ཁྲོམ་གཞུང་གིས་གོང་རིམ་གྱི་བླང་བྱ་ནན་པོར་གཞིགས་པ་དང་ཁྲོམ་གཞུང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ། སྒྱུར་བཅོས་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་རིག་གནས་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།