ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་པད་མ་འཇམ་དབྱངས་ཀྱིས་མི་རིགས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མི་དམངས་ཀྱི་བྱ་བ་ཧུར་ཐག་སྒྲུབ་དགོས་ཞེས་གསུངས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

f7a6a1ba-7d1a-43e5-a640-1e0aa403e34b.jpg

“མི་དམངས་མང་ཚོགས་ཀྱིས་ང་ལ་ཡིད་ཆེས་བྱས་ནས་འཐུས་མིར་བདམས་པ་དེ་ནི་ངའི་གཟི་བརྗིད་ཡིན་ལ་དེ་བས་འགན་འཁྲི་ལྕི་པོ་ཞིག་ཀྱང་རེད། ངས་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་མི་དམངས་ཀྱི་བྱ་བ་ཧུར་ཐག་བསྒྲུབས་ཏེ། གོང་ལ་མི་དམངས་ཀྱི་བསམ་ཚུལ་ཞུ་བ་དང་འོག་ལ་ཏང་གི་སྲིད་ཇུས་བརྒྱུད་བསྒྲགས་བྱེད་མཁན་གྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་སྤེལ་བར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་མ་འཇམ་དབྱངས་ཀྱིས་གསུངས།

མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་འཇམ་དབྱངས་ཀྱིས་རང་འགུལ་ངང་རྫོང་དང་ཤང་གིས་སྒྲིག་འཛུགས་བྱས་པའི་རིགས་ཁག་གི་སློབ་སྦྱོང་དང་གསོ་སྦྱོང་ལ་ཞུགས་ཏེ། རང་ཉིད་ཀྱི་འགན་འཁྲི་ལག་བསྟར་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཆབས་ཅིག ཁོང་གིས་ཤང་དང་། གྲོང་རྡལ། སྲིད་འཛིན་གྲོང་ཚོ་བཅས་སུ་བརྟག་ཞིབ་བྱེད་པར་བསྐྱོད་ནས་མང་ཚོགས་ཀྱི་བསམ་ཚུལ་ཉན་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་དུས་ཐོག་ཏུ་སེལ་རོགས་བྱས་པ་རེད།

ལོ་ཤས་རིང་པད་མ་འཇམ་དབྱངས་ཀྱིས་གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། སྔ་རྗེས་སུ་ཚོགས་ཆེན་གྱི་ཚོགས་ཆུང་ཁག་བགོས་གྲོས་བསྡུར་ཐོག“དིང་རི་རྫོང་གི་ཤང་གྲོང་8མཐའ་མཚམས་ས་ཁུལ་གྱི་ཁོངས་སུ་འཇུག་རྒྱུ”དང་། “དུད་སྦྲེལ་སྤྱི་མིའི་ཐོབ་ཆ་ལེགས་སུ་གཏོང་བ”“ཆུ་ལམ་བཅོས་སྐྱོང”སོགས་ཀྱི་གྲོས་འགོ་བཏོན་པ་དང་། གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ཚོགས་ཆེན་ཐོག་བཤད་པ་རེད།

2021ལོའི་ཟླ་7པར། པད་མ་འཇམ་དབྱངས་ཀྱིས་དིང་རི་རྫོང་མི་དམངས་འཐུས་ཚོགས་ཀྱི་སྒྲིག་འཛུགས་འོག་ཇོ་མོ་གླང་མའི་སྒར་ས་ཆེ་མོར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་ལས་དོན་ལ་བརྟག་ཞིབ་བྱས་ཤིང་། ཚོང་དུད་ལ་སློབ་གསོ་སྣེ་ཁྲིད་བྱས་ཏེ་ཡུལ་སྐོར་བའི་མྱོང་རོལ་གཙོ་གནད་དུ་བྱེད་པ་དང་ཁ་དན་ཚིག་གནས་གཞི་ཚུགས་སར་བྱས་ནས་བཟའ་བཅའ་དང་ཚོང་ཟོག་གི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་དུ་ནུས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།