ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི106.5ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

src=http___boot-img.xuexi.cn_image_1004_process_67580b4f910c4ea3a9bedd52d34bb87a.jpg&refer=http___boot-img.xuexi.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས1ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི106.5ལ་སླེབས་པ་དང་། དེ་ལོ་གོང་མ་ལས་ཏུན་ཁྲི3.63འཕར་ནས་བསྟུད་མར་ལོ7རིང་ཏུན་ཁྲི100ཡན་དུ་བརྟན་པོར་གནས་ཡོད།

src=http___tibet.news.cn_2020-09_12_139362961_15998832952481n.jpg&refer=http___tibet.news.jpg

རྒྱུས་ལོན་ལྟར་ན། 2021ལོར་བོད་ལྗོངས་ཀྱི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་འཕར་རྒྱུ་ལས་ཉུང་དུ་མི་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྔ་མོ་ནས་འཆར་འགོད་བཟོ་བ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱས་ནས་ལྗོངས་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་བརྟན་པོའི་ངང་འཕར་བར་འགན་ལེན་ཏན་ཏིག་བྱས། བསྡོམས་རྩིས་གཞི་གྲངས་ལས་ལྟར་ན། 2021ལོར་བོད་ལྗོངས་ཀྱི་འབྲུ་རིགས་འའདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི280.8ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི7.33འཕར་ཡོད་ལ། ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི198.19ལ་སླེབས་པ་དང་། དེ་ལོ་གོང་མ་ལས་མུའུ་ཁྲི4.3འཕར་ཡོད། མུའུ་རེའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ379.2ཟིན་པ་དང་དེ་ལོ་གོང་མ་ལས་སྤྱི་རྒྱ3ཇེ་མང་དུ་ཕྱིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།