ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སར་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་སའི་ཚན་པ8གསར་སྣོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020220103355193032252.jpg

པར་འདི་ནི་གསར་སྣོན་བྱུང་བའི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་སའི་ཚན་པ་བརྒྱད་ཀྱི་འབྲེལ་གཏུག་ཁ་པར་དང་ཞིབ་ཕྲའི་གནས་ཡུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་ལས་དོན་སྔར་བས་ལེགས་པོར་སྒྲུབ་པ་དང་། ཁོངས་གཏོགས་ཁུལ་གྱི་མི་ཚོགས་ལ་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་ཚད་ཇེ་མང་དུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཁོངས་གཏོགས་སུ་པྲོག་གསར་ནད་དུག་འགོག་སྨན་རྒྱག་སའི་ཚན་པ8གསར་སྣོན་བྱུང་ཡོད་པས། གྲོང་མིས་ཐག་ཉེ་ས་དང་སྟབས་བདེ་སར་འགོག་སྨན་བརྒྱབ་ཆོག

W020220103355193035091.jpg

པར་འདི་ནི་དེ་སྔའི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་སའི་ཚན་པའི་འབྲེལ་གཏུག་ཁ་པར་དང་ཞིབ་ཕྲའི་གནས་ཡུལ་རེད།

གསར་སྣོན་བྱུང་བའི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་སའི་ཚན་པ་བརྒྱད་ནི་སོ་སོར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་གི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་། ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་ཞུང་གི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་གི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཁྲེང་ཀོན་ཆུས་དོག་སྡེ་ཤང་འཕྲོད་བསྟེན་ཁང་། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་འཕྲོད་བསྟེན་ཁང་། ཁྲེང་ཀོན་ཆུས་ཉང་བྲན་ཤང་འཕྲོད་བསྟེན་ཁང་། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།