ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ལ་བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འདས་ཟིན་པའི་ལོ་ཟླའི་ནང་ང་ཚོས་མཐོང་བ་དང་ཚོར་བའི་ཀྲུང་གོ་ནི་དཀའ་སྤྱད་ཞུམ་མེད་དང་དར་རྒྱས་ཕུན་སུམ་ཚོགས་པའི་ཀྲུང་གོ་ཞིག་ཡིན། འདིར་གཅེས་པར་འོས་ཤིང་གུས་པར་འོས་པའི་མི་དམངས་ཡོད་པ་དང་། ཉིན་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཡོད་ལ། གཅིག་རྒྱུན་གཅིག་གིས་འཛིན་པའི་བྱ་གཞག་ཀྱང་ཡོད” ལོ་གསར་གྱི་སྔ་ནུབ་ཏུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་བསྒྲོན་མ་ཐག་བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་མོལ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་སྐུལ་མ་ཐེབས་པ་ཞིག་འདུག ལོ་གསར་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད། འབད་འཐབ་ལྷོད་མེད་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དབུལ་སྒྲོལ་ཡོང་བ་བྱེད་པ་ནི་རང་རེའི་ཏང་གིས་མི་དམངས་ལ་ཁས་བླངས་པ་དེ་རྩིས་འབུལ་ཞུས་པ་ཞིག་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན། ཚང་མའི་འཚོ་བ་དེ་བས་ལེགས་པ་ཞིག་སྐྱེལ་ཕྱིར། ང་ཚོས་མིག་མདུན་གྱི་གྲུབ་འབྲས་ལ་ཡིད་ཚིམ་ནས་སྡོད་རྒྱུ་མེད། ད་དུང་ལམ་ཐག་རིང་པོ་འགྲིམ་དགོས”ཞེས་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧོང་ཅ་པིན་གྱིས“བློ་སྐྱོར་དང་རིག་སྐྱོར་བྱ་རྒྱུ་ནི་གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་དང་དེ་བཞིན་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། སླད་ཕྱིན་ངས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ཏན་ཏན་ཏིག་ཏིག་དང་སེམས་ནུས་ཡོད་རྒུས་དགྱེ་གླིང་གྲོང་ཚོའི་འཕེལ་རྒྱས་ཆེད་ནུས་པ་གང་ཡོད་འདོན་གྱི་ཡིན”ཞེས་བཤད།

བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཚན་རིག་ཁྱབ་གདལ་ལས་དོན་རུ་ཁག་གི་རུ་མི་ཀྲའོ་ཝུའེ་ཡིས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ནི་སྟོབས་ཤུགས་ཀྱིས་ཁེངས་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག དེ་ལས་ང་ཚོ་འབད་འབུངས་མདུན་སྐྱོད་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་སོང་། འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་གཞིས་རྩེ་དང་། ནག་ཆུ། ལྷ་ས། ལྷོ་ཁ་སོགས་སུ་སྐོར་སྐྱོད་ཚན་རྩལ་ཁང་དང་ཚན་རིག་ཁྱབ་གདལ་རླངས་འཁོར་ཆེ་མོའི་སྐོར་འགྲེམས་ལས་དོན་སྤེལ་ནས། གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་དང་གཞོན་ནུ་ལོ་ཆུང་ཚོར་ཐག་ཉེ་ས་ནས་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པའི་གོ་སྐབས་སྦྱིན་པ་དང་། ཁོང་ཚོར་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས་ཚན་རིག་བྱང་ཚད་མཐོ་རུ་གཏོང་རོགས་བྱས་པ་ཡིན། ལོ་གསར་པའི་ནང་། ངས་མུ་མཐུད་བོད་དུ་གཞི་ཚུགས་པ་དང་དུས་རབས་ཆུད་ཟོས་སུ་མི་གཏོང་བའི་ཆོད་སེམས་སྔར་བས་བརྟན་དུ་བཏང་ནས། དཔའ་ངར་ཆེན་པོས་མདུན་སྐྱོད་དང་ཡང་རྩེར་སྙེག་ཕོད་པ་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་གྱི་ཡིན”ཞེས་བཤད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།