ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་བཏང་ནས“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པར་བྱེད་དགོས།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ།

བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།

དེ་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཆོས་ལུགས་ལས་རིགས་ཀྱི་སྙན་སེང་གསན་པ་དང་། གོམ་སྟབས་རྗེས་མའི་ཆོས་ལུགས་ཀྱི་ལས་དོན་ལ་བཀོད་སྒྲིག་གནང་བ་ལས། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས་རང་ཉིད་ལ་མྱོང་ཚོར་ཟབ་ཤོས་བྱུང་བ་ནི“གཏན་འཁེལ་གཉིས”གནང་བ་དེ་རེད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་གཏན་འཁེལ་གནང་བ་དེ་རེད། དེ་ལས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན། དེར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ང་ཚོས་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་རྩ་བའི་བརྩི་སྲུང་ཞུ་ཡུལ་དུ་བརྩིས་ནས། ནང་བསྟན་མཐུན་ཚོགས་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་དོན་འཁྱོལ་བྱེད་དགོས།

ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ནང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ཧུར་ཐག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས་ཞེས་བསྟན་གནང་ཡོད། དེ་ནི“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་གཞི་རྟེན་གལ་ཆེན་དང་། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས“རིམ་ཁག་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་འདོན་དགོས་པའི”སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་གཤམ་གསལ་ཏེ། གཅིག་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས། ཏང་ལ་བློ་དཀར་སེམས་དཀར་བྱས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཉིས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་སྟེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་པ་ལས་ཐོན་པའི་ཤུགས་རྐྱེན་ངན་པ་མཐའ་གཅིག་ཏུ་བསལ་ནས། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་དང་ལྷག་པར་དུ་དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། གསུམ་ནས་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་རང་གིས་རང་ལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་དགོས། རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་འཆུན་འདོམས་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་དང་སྲིད་གཞུང་གིས་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་དོ་དམ་བྱེད་པར་གཞོགས་འདེགས་བྱས་ནས་དགོན་སྡེ་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཞིབ་ཕྲ་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། བཞི་ནས་སློབ་གསོར་དམ་འཛིན་ནན་པོ་བྱས་ནས“ཚད་གཞི་བཞི”ཡི་སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་དུ་སྐུལ་འདེད་གཏོང་དགོས། ལག་བསྟར་ཇུས་གཞི་བཟོ་བ་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་ལྷག་བསམ་རྣམ་དག་གིས་ཀྲུང་གོ་གུང་ཁྲན་ཏང་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། ལྔ་ནས་འཆད་འགྲེལ་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཕོ་འགྱུར་ལ་ཁྲིད་སྟོན་ཧུར་ཐག་བྱེད་དགོས། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ལེགས་འདེམས་དང་རྙིང་དོར་གསར་ལེན་བྱས་ཏེ། གོ་བདེ་ཤེས་སླ་དང་དུས་བསྟུན་འཕེལ་རྒྱས་ཀྱི་འཆད་འགྲེལ་དང་རང་ངོས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་དགོས། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལེགས་བཤད》(རྒྱ་བོད་ཡིག་རིགས་གཉིས)རྩོམ་སྒྲིག་བྱས་ནས་བླ་མ་སྐྱེས་ཆེན་རྣམ་པས་ཆོས་དོན་དགོངས་འགྲེལ་བྱེད་སྐབས་སྤྱོད་པའི་བསླབ་གཞི་དང་། དགོན་སྡེའི་གྲྭ་བཙུན་ཚོས་ངེས་པར་དུ་སྦྱོང་དགོས་པའི་སློབ་དེབ་ལ་བརྩི་དགོས། དྲུག་ནས་གསོ་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས“ཚད་གཞི་བཞིར”བརྩི་སྲུང་དང་ལག་བསྟར་བྱེད་མཁན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། འཐུས་མི་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་ཡོན་གནས་རྒྱུགས་ལེན་དཔྱད་ཞིབ་ཡག་པོ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་འཐུས་མི་འོས་སྦྱོར་བཀོལ་སྤྱོད་ཡག་པོ་བྱེད་དགོས།

“ཚད་གཞི་བཞིར”བརྩི་སྲུང་ཞུས་ནས་བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སེ་ར་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་དཔེ་ཆའི་དགེ་རྒན། བཀྲ་ཤིས་རྒྱལ་མཚན།

2021ལོ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་ཞིག་རེད། རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་དགའ་སྟོན་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀུན་དགའ་བདེའི་དཔལ་ལ་རོལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དང་དེ་བཞིན་དགོན་སྡེར་གཟིགས་ཞིབ་གནང་བར་ཕེབས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཇལ་འཕྲད་དང་འཚམས་འདྲི་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ། “གཏན་འཁེལ་གཉིས”གནང་བ་དང་། ཕྱོགས་ཡོངས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གནང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། “ངེས་པར་དུ་དགུ”ཡི་བླང་བྱ་ཁ་གསལ་བཏོན་གནང་ཡོད། དུས་མཚུངས་སུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཏེ་ལས་ཀའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་འབད་འཐབ་དམིགས་ཚད་ཚན་རིག་དང་མཐུན་པར་བཀོད་ཡོད།

དུས་ཡུན་རིང་པོའི་ནང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་ཐུབ་ཡོད། དགོན་སྡེའི་དོ་དམ་བྱ་ཐབས་གསར་གཏོད་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལྷག་པར་དུ་2018ལོར“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་གཙོ་བོར་བཟུང་ནས་དགོན་སྡེའི་དམངས་གཙོ་དོ་དམ་ལ་ཤུགས་སྣོན་བརྒྱབ་པས། རྒྱ་ཆེའི་གྲྭ་བཙུན་གྱི་ཁྲོད་དུ་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་བརྟན་དུ་ཕྱིན་པ། རྒྱ་ཆེའི་གྲྭ་བཙུན་གྱི་ཁྲོད་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ། བོད་གསར་རྙིང་སྡུར་བའི་སློབ་གསོ། བཅའ་ཡིག་འདུལ་ཁྲིམས་ཀྱི་སློབ་གསོ་བཅས་གཏིང་ཟབ་སྤེལ་བ་མ་ཟད། དགོན་སྡེའི་གྲྭ་བཙུན་སྒྲིག་འཛུགས་ཐེངས་མང་བྱས་ནས་ལྗོངས་ཕྱི་ནང་གི་རྒྱལ་བབ་སློབ་གསོ་སྤེལ་བ་བརྒྱུད། ཏང་གི་བཀའ་ལ་ཉན་པ། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་དེ་བས་བརྟན་དུ་སོང་ཡོད། གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ། སློབ་གསོ་ལག་ལེན་བྱེད་སྒོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་གྱུར་པར་བྱས་པ་དང་། བསམ་བློའི་རྨང་གཞི་དང་བརྟན་ལྷིང་སྲུང་སྐྱོང་གི་གཞི་རྩ་སྔར་བས་བརྟན་དུ་བཏང་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། གསུམ་ནས་ནུས་པ་སྔར་བས་མངོན་གསལ་དོད་པོ་བཏོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚད་གཞི་བཞི”ལ་ནན་པོར་གཞིགས་ཏེ། དགོན་སྲོལ་གྲྭ་ཆིངས་དང་དགོན་སྡེ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་འདུལ་ཁྲིམས་ནན་དུ་སོང་ཡོད།

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་མུ་མཐུད་གོང་འོག་འབྲེལ་ཟམ་གྱི་ནུས་པ་གང་ལེགས་བཏོན་ཏེ། ནང་བསྟན་ཆོས་ལུགས་ལས་རིགས་ཡོངས་ཀྱི་སྣེ་ཁྲིད་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རྒྱལ་ཡོངས་ཆོས་ལུགས་ཀྱི་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ལ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལོན་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། “ཕན་འདོགས་པ་ལྔ”ཡི་ཚད་གཞི་མཐའ་འཁྱོངས། “ཚད་གཞི་བཞི”དང་ཡང་ཡང་བསྡུར་ནས་ནུས་པ་འདོན་སྤེལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་བཏང་ཡོད།

མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ངང་ཏང་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར། རང་འགུལ་ངང་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཁྲིད་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས། རང་ངོས་འཛུགས་སྐྱོང་ནི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་དང་གོང་འཕེལ་འགྲོ་བའི་རྩ་བ་དང་། བོད་བརྒྱུད་ནང་བསྟན་གྱི་ནུས་པ་བཟང་པོ་འདོན་པའི་རྩ་བ་རེད་ལ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་པའི་རྩ་བ་ཡང་རེད། དེར་བརྟེན་ང་ཚོས་ཆོས་ལུགས་ཚོགས་པ་ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྲོལ་བཟང་སྤྱོད་གཙང་གི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

དུས་རབས་གསར་པའི་སྤྱི་དམངས་ཡག་པོ་ཞིག་དང་གཞན་གྱི་བརྩི་བཀུར་ཐོབ་པའི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས།

ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་དང་། གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བཀྲས་ལྷུན་དགོན་གྱི་དགེ་འདུན་པ། དབེན་དགོན་ཆོས་རྗེ། ཀུན་བཟང་དབང་འདུས།

དང་ཐོག་ངས་ལོ་མང་རིང་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་དང་གསོ་སྐྱོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། འདི་ལོའི་ཟླ་10པར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག རང་ཉིད་ལ“དབེན་དགོན་ཆོས་རྗེའི”ཆོས་ལུགས་ཀྱི་མཚན་གནས་གནང་བ་དང་། འདི་རིང་ཡང་གཏམ་བཤད་བྱེད་མཁན་གྲས་སུ་བཀོད་སྒྲིག་གནང་བས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་གི་སྐུ་ཚབ་ཚོགས་པའི་བློ་མཐུན་གྱིས་རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་བསྣམས་ཏེ། ང་ཚོ་དགེ་འདུན་པ་ཚོར་གཟིགས་པར་ཕེབས་པ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་གོས་དར་གནང་བ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཐའ་མཚམས་ས་ཁུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་། བོད་བརྒྱུད་ནང་བསྟན་ལ་ཚད་མཐོའི་མཐོང་ཆེན། རྒྱ་ཆེའི་དགེ་འདུན་པ་ཚོར་བཅངས་པའི་བརྩེ་སེམས་ཟབ་མོ་བཅས་གང་ལེགས་མཚོན་ཡོད། འཛམ་གླིང་ཡོངས་ལ་བལྟས་ན། རྒྱལ་ཁབ་དབུ་ཁྲིད་ཀྱིས་ཆོས་ལུགས་ལས་དོན་ལ་མཐོང་ཆེན་འདི་འདྲ་གནང་བ་དང་། ཆོས་ལུགས་ལས་རིགས་མི་སྣར་བརྩེ་བ་ཟབ་མོ་བཅངས་ཏེ་ཐུགས་ཁུར་འདི་འདྲ་གནང་བ་ནི་ཀྲུང་གོ་ཁོ་ན་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ན་ལས་ཡོད་མི་སྲིད། བཀའ་དྲིན་ཤེས་པ་དང་། བཀའ་དྲིན་དྲན་པ། བཀའ་དྲིན་ཚོར་བ། དྲིན་ལན་འཇལ་བ་བཅས་ནི་བྱང་སེམས་ཀྱི་རྩ་བ་རེད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞི་ལྟར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མིག་དཔེར་བཟུང་ནས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ནང་བསྟན་སློབ་གླིང་དང་། འབྲས་སྤུངས་དགོན། སེ་ར་དགོན་བཅས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་རྟོགས་ངང་ཁྱོན་ཡོངས་ལ་སྣང་ཆེན་དང་། ཁྲིམས་སྐྱོང་ལ་སྣང་ཆེན། ཚན་རིག་ལ་སྣང་ཆེན། གཅེས་སེམས་ལ་སྣང་ཆེན། རྒྱལ་གཅེས་ཆོས་གཅེས། བློ་རྩེ་གཅིག་སྒྲིམ་གྱིས་ཐོས་བསམ་ལ་གཞོལ་བ། དམངས་ཕན་དགེ་སྒྲུབ། འགྲོ་བར་ཕན་པ་བཅས་བྱེད་ཀྱི་ཡིན།

གཅིག བློ་རྩེ་གཅིག་སྒྲིམ་གྱིས་ཐོས་བསམ་སློབ་བརྩོན་བྱེད་ཀྱི་ཡིན། “ཕན་འདོགས་པ་ལྔ”ཡི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། “རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་ལ་འགོད་པ”རྩ་བའི་དམ་བཅར་འཇོག་པ། “རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན”ཁས་ལེན་དུ་བྱས་ཏེ། གསུང་རབ་ལ་བརྩོན་ཞིབ་དང་། ཐོས་བསམ་ཟབ་པ། ཆོས་ལུགས་ཀྱི་ཉམས་ལེན་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་བཅས་བྱས་ནས། དཀའ་སྤྱད་བརྩོན་པས་ཆོས་ལུགས་ཀྱི་སྙིང་པོ་ལེན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་། ཚན་རྩལ་དང་སྒྱུ་རྩལ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ཀྱི་བྱང་ཚད་མཐོ་བ་དང་། ཚན་རིག་གི་བྱང་ཚད་མཐོ་བ། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ལེགས་པ་བཅས་ཀྱི་དུས་རབས་གསར་པའི་ཆོས་ལུགས་ལས་རིགས་མི་སྣ་ཞིག་ཧུར་ཐག་བྱེད་ཀྱི་ཡིན།

གཉིས། རང་ངོས་དོ་དམ་ལ་ཤུགས་སྣོན་རྒྱག་གི་ཡིན། རྒྱལ་ཁབ་ནི་ཆོས་ལུགས་ལས་ཆེ་བ་དང་། རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་བ། སྤྱི་དམངས་ནི་དད་ལྡན་མང་ཚོཌ་ལས་ཆེ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུཌ་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་འཆུན་འདོམས་བཅས་ཀྱི་བླང་བྱར་ཤུགས་སྣོན་བརྒྱབ་ནས། ཁེ་གྲགས་དང་མཚན་སྙན་དབང་དུ་མ་ལྷུང་བར། འདུལ་ཁྲིམས་ནན་གྱིས་སྲུང་བའི་བླང་བྱར་བརྩི་སྲུང་ནན་ཏན་ཞུས་ཏེ། རང་རྟོགས་ངང་རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། རང་རྟོགས་ངང་ཁྲིམས་སྦྱོང་དང་། ཁྲིམས་ཤེས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པ། རང་རྟོགས་ངང་སྡོམ་ཁྲིམས་ལ་བརྟེན་ནས་ཕྱི་ཚུལ་ནན་སྡོམ་དང་སྤྱོད་ལམ་ཚད་ལྡན་དུ་གཏོང་བ། སྡོམ་ཁྲིམས་ལ་བརྟེན་ནས་དགེ་འདུན་པའི་གཟུགས་བརྙན་སྲུང་སྐྱོབ་དང་དགོན་པའི་སྒྲིག་ལམ་སྲུང་བ། ཏང་ཨུད་དང་སྲིད་གཞུང་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡིན།

གསུམ། རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ནས། འགན་འཁྲི་འཁུར་ཕོད་པ་དང་། སྐད་ཆ་ཤོད་ཕོད་པ། རལ་གྲི་འཕྱར་ཕོད་པ་བཅས་བྱས་ཏེ། སེམས་ཐག་གཙང་བཅད་ཀྱིས་ཁ་ཕྲལ་ཕྱོགས་གཏོགས་དང་དབྱེ་མཚམས་གསལ་པོར་འབྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་མེས་རྒྱལ་ལ་ངོ་རྒོལ་དང་། མི་རིགས་ཁ་ཕྲལ་གཏོང་བ། སྤྱི་ཚོགས་ཟང་ཟིང་བཟོ་བ་བཅས་ཀྱི་ལག་ཆ་དང་ཁོ་པ་ཚོའི་ཆབ་སྲིད་ཀྱི་ལྐོག་གཡོ་མངོན་འགྱུར་བྱེད་པའི་བློས་གཏོང་དངོས་པོར་འགྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། སྤྲུལ་སྐུའི་ཡང་སྲིད་རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་ནས་ཆོག་མཆན་གནང་བའི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་ནས། མངའ་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱིས་མངའ་ཁོངས་ནང་ཁུལ་གྱི་ཆོས་ལུགས་ལས་དོན་ལ་ཐེ་ཇུས་གཏན་ནས་བྱེད་དུ་མི་འཇུག་པར། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་དང་། ཞི་དུལ། འཆམ་མཐུན་བཅས་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན།

རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པར་ཁྲིད་སྟོན་བྱེད་དགོས།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཟླ་བ་ཚེ་རིང་།

ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་ཐུགས་ཁུར་གཅེས་སྐྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན། དེ་བཞིན་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཁྲིད་སྟོན་ཧུར་ཐག་བཅས་ཀྱི་འོག རང་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་དགེ་མཚན་ལྡན་པ་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གོང་འཕེལ་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྔ་རྗེས་སུ་སྲིད་ཇུས་ཁྲིམས་སྲོལ་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་རིགས་ལ“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་བླང་བྱ་བཏོན་ཏེ་ང་ཚོར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་ཐུགས་ཁུར་ཟབ་མོ་གནང་བ་དང་ཐུགས་རེ་ཟབ་མོ་བཅོལ་ལུགས་གང་ལེགས་མངོན་ཡོད། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་གི་ངོས་ནས། ངས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། རང་ངོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཧུར་ཐག་འདོན་པ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བཅས་བྱས་ཏེ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ། ཧྲུའུ་ཅི་ཝང་ཅུན་ཀྲེང་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བཅས་བྱེད་ཀྱི་ཡིན། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་མཐའ་གཅིག་ཏུ་དབྱེ་མཚམས་གསལ་པོ་ཕྱེ་ནས། མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་ཏཱ་ལའི་རུ་ཚོགས་ཀྱི་ལྐོག་གཡོ་དང་བོད་ཕུང་ཆོས་དཀྲུག་གི་སྡིག་ཉེས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་མཐའ་གཅིག་ཏུ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཏང་དང་སྲིད་གཞུང་གི་དོ་དམ་རང་རྟོགས་ངང་དང་ལེན། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡིན།

སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ནང་དུ་ཡང་སྲིད་བཙལ་འཚོལ་དང་ཀྲུང་དབྱང་གིས་ཆོག་མཆན་འགོད་པར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ཀྱི་ཡིན། སྐབས་རིམ་བྱུང་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཁྲིམས་ལྟར་དོ་དམ། སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱེད་པ་དང་། སྔར་ནས་བཟུང་རྒྱལ་ཁབ་ཀྱི་དབང་ཆ་དང་ཀྲུང་དབྱང་གི་དབང་གྲགས་ཨང་དང་པོར་འཇོག་པ་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་རེད་ལ། ནང་བསྟན་གྱི་རྩ་བའི་བསྟན་དོན་དང་རྦད་དེ་མཐུན་པ་ཞིག་ཀྱང་རེད།

ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་འཕྱུར་བའི་དུས་མཚམས་སུ། ང་ཚོས་རང་འགུལ་ངང་དུས་རབས་གསར་པ་དང་འཚམ་པར་བྱས་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་བླ་མ་སྐྱེས་ཆེན་རིམ་བྱུང་གི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་པ། རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དྲིན་ལན་འཇལ་དགོས་ལ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན་བཅས་ཐུབ་པར་བྱེད་དགོས། 

བོད་བརྒྱུད་ནང་བསྟན་བརྟན་པོ་དང་། སྐྱོན་བྲལ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་རྒྱུན་འཛིན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ནང་བསྟན་མཐུན་ཚོཌ་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ། ཉིང་ཁྲི་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། སྤོ་བོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆོས་རྫོང་དགོན་གྱི་སྤྲུལ་སྐུ། རྟ་ཐོག་བློ་བཟང་ཡེ་ཤེས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དུས་སུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་བཀོད་གནང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བརྗིད་ཆེའི་འཆར་གཞིའི་ཕྱོགས་སུ་འབད་འབུངས་མདུན་སྐྱོད་བྱས་ནས་དེ་བས་སྙིང་སྟོབས་རབ་འཕེལ་གྱི་རྣམ་འགྱུར་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་བཞིན་ཡོད།

དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར། སྲོག་ཤིང་ལ་བརྩི་བཀུར། སྲོག་ཤིང་གི་རྗེས་སུ་འབྲང་བ། སྲོག་ཤིང་ལ་སྲུང་སྐྱོབ་བཅས་ཏན་ཏིག་བྱས་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་རྒྱུ་མཐའ་འཁྱོངས། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བོད་ཕུང་ཆོས་གནོད་ཀྱི་གདོང་རིས་ངོ་མར་ཐེར་འདོན་དགག་རྒྱག ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཚད་གཞི་བཞིའི”བཀའ་སློབ་ནན་པོ་དང་། “ཕན་འདོགས་པ་ལྔའི”མངགས་བཅོལ་ནན་པོ་བློ་ལ་བརྟན་པོར་བཅངས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད་སྐད་ཆ་ཧུར་ཐག་ཤོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ། རིག་གནས་བྱ་གཞག་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ། མཐའ་མཚམས་སྲུང་སྐྱོང་དང་བརྟན་ལྷིང་ཡོང་བ་བཅས་ཀྱི་ཆེད། སྟོབས་ཤུགས་གང་ཡོད་འབུལ་དགོས། མཇུག་ཏུ་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་གྱིས་སྣེ་ཁྲིད་དེ་རྒྱལ་ཁྲིམས་ཆོས་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། སྡོམ་ཁྲིམས་ནན་པོ་སྲུང་བ། ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་དང་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་པ། དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོཌ་རྣམས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་ཀྱི་ཡིན།

2021ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་གཞིས་རྩེའི་ས་གནས་ས་ཐོག་གི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ཨང་དང་པོར་འཇོག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཚོགས་འདུ་དང་ཡིག་ཆ་གལ་ཆེན་གྱི་དགོངས་དོན་ཁག་དུས་ཐོག་ཏུ་སློབ་སྦྱོང་བྱེད་པ། གྲྭ་བཙུན་སྒྲིག་འཛུགས་བྱས་ཏེ“རྒྱལ་གཅེས་ཆོས་གཅེས་ཕ་ཡུལ་ལ་གཅེས། སེམས་མཐུན་མཉམ་སྐྱོད་ཕུགས་འདུན་དོན་གཉེར”གྱི་བརྗོད་དོན་གཙོ་བོའི་ལྗོངས་བབ་རྟོག་ཞིབ་དང་། “བགྲང་བྱ་བརྒྱ་ཡི་ཏང་གི་བཀའ་དྲིན་ཚོར། བདེ་སྐྱིད་དུས་སུ་ཏང་གི་བཀའ་དྲིན་དྲན་པའི”བརྗོད་དོན་གཙོ་བོ་སྤེལ་རེས། “ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། ལོ་བརྒྱའི་གྲུབ་འབྲས་ལ་བསྟོད་གླུ་ལེན”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར། “ཏང་གི་ལོ་རྒྱུས་སྦྱོང་བ་དང་། སྲིད་ཇུས་སྦྱོང་བ། མེས་རྒྱལ་ལ་དགའ་ཞེན། ཏང་གི་བཀའ་དྲིན་ཚོར་བ”བཅས་ཀྱི་བརྗོད་དོན་གཙོ་བོའི་ཤེས་བྱའི་འགྲན་བསྡུར། “འཕེལ་རྒྱས་གླེང་བ་དང་། འགྱུར་ལྡོག་གླེང་བ། མྱོང་ཚོར་བརྗོད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་བཞུགས་མོལ་སྤེལ་རེས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་ཡིག་གཟུགས་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སློབ་སྦྱོང་དང་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་གྲྭ་བཙུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་སེམས་གཏིང་ནས་ཚོར་ཐུབ་རྒྱུར་ཁྲིད་སྟོན་གང་ལེགས་བྱས་པ་དང་འབྲེལ། གཏམ་དང་ཡི་གེའི་ལམ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་པར་བྱས་ཡོད།

གོམ་སྟབས་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་ཚུགས་པ། དགོན་སྡེ་དོ་དམ་གྱི་ཕུཌ་ཕན་ལམ་སྲོལ་འཛུགས་རྒྱུར་གཙོ་གནད་སྐུལ་འདེད་གཏོང་བ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་རྒྱུན་རྣམ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཁ་ཕྱོགས་མི་འཛོལ་བ་དང་། དམིགས་འབེན་མི་འགྱུར་བ། ཚད་གཞི་མི་ཆག་པ་བཅས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་འགྲོ་ལམ་བརྟན་ལ་གོ་རིམ་ལྡན་པ་དང་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ཕུལ་བྱུང་གི་འགྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན།

ཏང་གི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལ་རང་རྟོགས་ངང་བརྩི་བཀུར་ཞུས་ནས་ཏང་གི་བཀའ་དྲིན་ཆུད་ཟོས་སུ་གཏོང་མི་རུང་།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཆབ་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། ཁ་རུབ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཛོད་རྩི་དགོན་གྱི་སྤྲུལ་སྐུ། རྗེ་དྲུང་བསྟན་པའི་རྒྱལ་མཚན།

ཉེ་བའི་ལོ་ཤས་རིང་། རིམ་ཁག་འགོ་ཁྲིད་ཀྱི་ཐུགས་ཁུར་དང་རོགས་རམ་འོག ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མཛོད་རྩི་དགོན་གྱི་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དགོན་སྡེའི་དགེ་འདུན་པར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་འབྲེལ་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས་དགེ་འདུན་པའི་ཐོས་བསམ་སྒོམ་གསུམ་གྱི་ཁོར་ཡུག་ལེགས་སུ་བཏང་བ་དང་། དགོན་སྡེའི་རྒྱུན་གཏན་ཆོས་ལུཌ་བྱེད་སྒོའི་སྒྲིག་ལམ་སྲུང་སྐྱོང་། དགོན་སྡེའི་དགེ་འདུན་པའི་ཆོས་དད་རང་མོས་ཕྱོཌ་ཡོངས་ནས་འགན་ལེན། དགེ་འདུན་པ་དང་དད་ལྡན་མང་ཚོཌ་ཀྱི་དགོས་མཁོ་སྐོང་བ་བཅས་བྱས་པར་བརྟེན་ཐོས་བསམ་སྒོམ་གསུམ་དང་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།

2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཧུར་ཐག་བྱས་ཡོད་ལ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་མཐུན་སྦྱོར་གྱིས་མཉམ་དུ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་འགན་འཁྲི་རང་རྟོཌ་ངང་འཁུར་བ་དང་། ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་བ། བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་དང་མཉམ་གནས་བྱེད་པ། དར་ཆ་གསལ་སྟོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་འགྲོ་ལམ་ལ་བརྩི་བཀུར་ཞུ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུཌ་ལ་བརྩི་བཀུར་ཞུ་བ། ཏང་གི་ཆོས་ལུཌ་ཀྱི་རིཌ་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་ལ་བརྩི་བཀུར་ཞུ་བ་བཅས་བྱས་ནས་ཁ་ཕྲལ་སིམ་འཛུལ་བཀག་འགོག་མཐར་ཕྱིན་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ། དུས་དང་རྣམ་པ་ཀུན་ཏུ་བློ་བརྟན་འགྱུར་མེད་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོཌ་དང་དབྱེ་མཚམས་གསལ་པོ་ཕྱེ་བ་བཅས་བྱས་ཁར། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སྒྲོག་འགྲེལ་གནང་སྐབས་བཏོན་གནང་བའི“རབ་ཏུ་བྱུང་ཡང་རྒྱལ་གཅེས་མི་བརྗེད་པ་དང་སྒོམ་ལ་ཞུཌ་ཀྱང་གཞན་ཕན་ལྷག་བསམ་མི་བརྗེད་པའི”ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་དགོངས་པ་ལྟར་བོད་བརྒྱུད་ནང་བསྟན་སྤྱི་ཚོཌ་རིང་ལུཌ་སྤྱི་ཚོཌ་དང་འཚམ་མཐུན་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་ཆོས་ལུཌ་ཁྱབ་ཁོངས་ཡུན་རིང་ཞི་མཐུན་བརྟན་ལྷིང་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན།

ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ད་ཆའི་བདེ་སྐྱིད་འཚོ་བ་གཏོད་ཐུབ་པ་དང་ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་བོད་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་པ་དང་གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཏང་དང་སྲིད་གཞུང་གི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་ཆེད། ངས་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བཅངས་པའི་བསམ་བློའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སུ་འགྱུར་བར་བྱས་ནས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་སེམས་རྒྱུད་ལ་འཇགས་པ་བྱ་རྒྱུ་ཡིན། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་བློ་སེམས་གཅིག་མཐུན་བྱས་ཏེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ནང་གཏན་ནས་མི་ཞུགས་པ་དང་ཏང་གཅེས་རྒྱལ་སྲུང་གི་བྱ་སྤྱོད་མང་ཙམ་སྤེལ་བ། འགྲོ་ཕན་གྱི་བྱ་བ་མང་ཙམ་སྒྲུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དགོངས་དོན་གྱི་ངོ་བོར་བརྟེན་ནས་དགོན་སྲོལ་དང་གྲྭ་ཆིངས་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་དང་ཟུང་འབྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་དགོངས་འགྲེལ་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་བཀའ་དྲིན་འཇལ་བ་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་ལན་འཇལ་རྒྱུ་ཡིན།

སྣེ་ཁྲིད་དེ་སྒྲིག་བཀུར་ཁྲིམས་སྲུང་བྱས་ནས་དུས་རབས་གསར་པའི་ཆོས་ལུགས་ལས་རིགས་མི་སྣ་ཞིག་བྱེད་དགོས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ནང་བསྟན་མཐུན་ཚོཌ་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ནག་ཆུ་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ཨུ། ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོཌ་ཀྱི་ཚོཌ་གཙོ་གཞོན་པ། འབྲི་རུ་རྫོང་ཆོས་སྡེ་དགོན་པའི་སྤྲུལ་སྐུ། རྣམ་རྒྱལ་དབང་ཕྱུག

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རེའི་ཏང་གིས་འཚོགས་པའི་གལ་ཆེའི་ཚོགས་འདུ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་ཆེད་དང་རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་ཆེད། འབད་བརྩོན་ལྷོད་མེད་བྱས་ནས་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་དུས་རབས་གསར་པར་གྲུབ་འབྲས་རླབས་པོ་ཆེ་གསར་པ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཏང་གི་ཆོས་དད་རང་མོས་སྐོར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོཊ་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག ཆོས་ལུགས་ལས་རིགས་ཀྱི་རང་ངོས་དོ་དམ་ཆུ་ཚད་མཐོར་གཏོང་། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་གཏོང་བཅས་བྱས་ཏེ་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྙན་སྒྲོན་ནང་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་། ཁ་ཕྱོགས་གསལ་སྟོན། གཞི་འཛིན་ས་མཁོ་འདོན་བཅས་གནང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྔར་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་སྐྱེལ་ཐུབ་པར་ང་ཚོར་ཡིད་ཆེས་ཡོད།

ཆོས་ལུཊ་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས་སྣེ་ཁྲིད་དེ་སྒྲིག་བཀུར་ཁྲིམས་སྲུང་དང་། “ཚད་གཞི་བཞིར”བརྩི་སྲུང་། སྤྱི་ཚོཊ་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཅས་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་གི་ཡིན། ལྷག་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོཊ་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་ཕྱོགས་གཏོགས་ལ་གདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོཊ་ཀྱིས་ཆོས་ལུགས་སྤྱད་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བའི་ལྐོག་གཡོ་སྣ་ཚོགས་ལ་ཐེར་འདོན་དགག་རྒྱག་མཐར་ཕྱིན་བྱེད་ཀྱི་ཡིན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཅིག་གྱུར་ཡོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་བྱེད་ཀྱི་ཡིན།

ཉེ་བའི་ལོ་ཤས་རིང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་དང་། ནག་ཆུ་གྲོང་ཁྱེར་འཐབ་ཕྱོགས་གཅིག་འགྱུར་པུའུ། ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོཊ་བཅས་ཀྱི་གཅིག་འགྱུར་བཀོད་སྒྲིག་འོག་ངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་། ལྷ་རི་རྫོང་། ཨ་མདོ་རྫོང་། སྙན་རོང་རྫོང་བཅས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་དོ་དམ་སྲིད་ཇུས་དང་ཁྲིམས་སྲོལ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར། བོད་གསར་རྙིང་བསྡུར་བ་བཅས་བརྗོད་དོན་གཙོ་བོར་བྱས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་དང་གདེང་འཇོག་གང་ལེགས་ཐོབ་བྱུང་།

སླད་ཕྱིན་རང་ཉིད་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་སྟེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། རང་ཉིད་ཀྱིས་འདོན་འོས་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན། སྡིག་སྤོངས་དགེ་སྒྲུབ་བཅས་བྱེད་མཁན་གྱི་དུས་རབས་གསར་པའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཧུར་ཐག་བྱེད་ཀྱི་ཡིན།

ཆོས་ལུགས་ལས་རིགས་མི་སྣའི་སྣེ་ཁྲིད་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མངའ་རིས་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བློ་བཟང་བསམ་གཏན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོ་སྒྲུབ་པ”བཅས་ལ་དམིགས་ནས། དགོངས་པ་གསར་པ་དང་། ཆོད་སྡོམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད། ལྷག་དོན་དུ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག ང་ཚོ་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི“དཔུང་ཁག་ཁག་གསུམ”གྱི་གྲས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚད་གཞི་བཞི”ནི་ང་ཚོ་ཆོས་ལུགས་ལས་རིགས་མི་སྣར་བླང་བྱ་གལ་ཆེན་བཏོན་གནང་བ་ཞིག་རེད་ལ། ང་ཚོར་བསླབ་བྱ་ཟབ་མོ་གནང་བ་ཞིག་ཀྱང་རེད།

རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་ནང་བསྟན་གྱི་གསུང་རབ་ཞིབ་འཇུག་ཟབ་སྦྱོང་བྱེད་པ་དང་དུས་མཚུངས“ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ཀྱི་འདུལ་ཁྲིམས་དང་བསྟན་དོན་ལ་གོ་བདེ་ཤེས་སླ་དང་དུས་བསྟུན་འཕེལ་རྒྱས་ཀྱི་གསལ་འགྲེལ་ཧུར་ཐག་བྱས་ཏེ། དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་དང་འཚམ་པར་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། 2021ལོར་མངའ་རིས་ས་ཁུལ་གྱིས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་འདུ་ཚོགས་སྐབས་དང་པོ་འཚོགས་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས“རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་གསལ་འགྲེལ་བྱས་ཡོད། ཆོས་ལུགས་ལས་རིགས་མི་སྣའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། ཆོས་ལུགས་ལས་རིགས་མི་སྣས་གྲི་ངོ་ནང་ལ་འཕྱར་བའི་བློ་སྟོབས་ལ་བརྟེན་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། རང་འགུལ་ངང“ཚད་གཞི་བཞི”དང་ཡང་ཡང་བསྡུར་ནས་ཆོས་ལུགས་ལས་རིགས་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་འཚོལ་བཤེར་བྱས་ཏེ། གནད་ལ་འཁེལ་བའི་འཕོ་འགྱུར་གྱི་གྲོས་འགོ་བཏོན་པ་དང་ཆོས་ལུགས་ལས་རིགས་མི་སྣས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཞིང་། “ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་པ”དང“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དགོན་སྡེར་ཁྱབ་གདལ་གཏོང་བའི་བྱེད་སྒོ”དམ་འཛིན་བྱ་གཞིར་བྱས་ནས། རྒྱལ་གཅེས་རིང་ལུགས་དང་། ཁྲིམས་སྐྱོང་དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད། བོད་གསར་རྙིང་བསྡུར་བའི་སློབ་གསོའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་ནས་དགོན་སྡེའི་གྲྭ་བཙུན་གྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། “མོས་སེམས་ལྔ”ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།

ཆབ་སྲིད་ཀྱི་སྣེ་ཁྲིད་འདོན་སྤེལ་བྱས་ནས་འགག་རྩའི་དུས་སུ་ནུས་པ་འདོན་སྤེལ་བྱེད་པའི་འགན་ལེན་བྱས་ཡོད། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་སོགས་གལ་ཆེའི་དུས་ཀྱི་མཚམས་ཚིགས་སུ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་རྩོམ་ཡིག་སྤེལ་བ་དང་། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ། དགོན་སྡེར་སྒྲོག་འགྲེལ་བྱེད་པ་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་རང་འགུལ་ངང་གཏམ་བཤད་སྤེལ་བ་དང་རྒྱུན་མཐུད་རལ་གྲི་འཕྱར་ནས། ཆོས་ལུགས་ཀྱི་གསུང་རབ་ལ་བརྟེན་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་མགོ་སྐོར་གྱི་གཏམ་བརྗོད་ལ་དགག་པ་གཏིང་ཟབ་བརྒྱབ་པ་དང་བོད་གསར་རྙིང་བསྡུར་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་མ་རུང་ཁོག་བཅུག་གི་བསམ་ངན་ཐེར་འདོན་བྱས་ཡོད།

གོམ་སྟབས་རྗེས་མར་ང་ཚོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་མངའ་རིས་ས་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣའི་སྣེ་ཁྲིད་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་སྤྱི་འདོམས་སུ་བྱས་ནས། “ཕན་འདོགས་པ་ལྔ”ཚད་གཞིར་འཛིན་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོ་རྒྱུ་གཙོ་གནད་དུ་འཛིན་པ། རྒྱུན་རྣམ་ཅན་གྱིས“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་གཞི་རྟེན་དུ་བྱེད་པ། ནང་བསྟན་མཐུན་ཚོགས་ཀྱི་རྩ་འཛུགས་དང་ཆོས་ལུགས་ལས་རིགས་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་ལེན་བྱེད་པ་བཅས་བྱས་ཏེ། འཐུས་ཚང་དང་། འཕྱུགས་མེད། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལ་གོ་བ་ལེན་པ་དང་། རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཁྲིམས་ལྟར་སྲིད་གཞུང་གི་དོ་དམ་དང་ལེན་ཞུ་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་བ་བཅས་བྱས་ནས། མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན། །

(ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།