བོད་ལྗོངས་ཀྱི་རྒྱལ་ཡོངས་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་གྲངས་གཞིའི་གྲུབ་འབྲས་གཙོ་བོ་ཡོངས་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་གྲངས་གཞིའི་གྲུབ་འབྲས་གཙོ་བོའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་བཅས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རྒྱལ་ཁབ་ས་ཆ་བརྟག་དཔྱད་བྱེད་ཐེངས་གསུམ་པའི(གཤམ་དུ“བརྟག་དཔྱད་བྱེད་ཐེངས་གསུམ་པ”ཞེས་བསྡུ་རྒྱུ)གྲངས་གཞིའི་གྲུབ་འབྲས་གཙོ་བོ་ཡོངས་བསྒྲགས་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི“བརྟག་དཔྱད་བྱེད་ཐེངས་གསུམ་པའི”གྲངས་གཞི་ལས་མངོན་པར། ལྗོངས་ཡོངས་ཀྱི་རྩྭ་ཐང་མུའུ་ཁྲི་120097.55ཟིན་པ་ནི་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་ཆའི་རིགས་ཡིན་པ་དང་། ནགས་ས་མུའུ་ཁྲི་26844.14དང་། འདམ་ར་མུའུ་ཁྲི་6453.69 རྨོ་ཞིང་མུའུ་ཁྲི་663.13 ལྡུམ་ར་མུའུ་ཁྲི་17.91བཅས་ཟིན་ཡོད་པ་རེད། གྲངས་གཞི་ལས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་བེད་སྤྱོད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མཚོན་ཡོད་ལ། རྨོ་ཞིང་སྲུང་སྐྱོང་དང་། སྐྱེ་ཁམས་འཛུགས་སྐྱོང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་ཆ་སྤྱོད་པ་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་དང་། དེ་བཞིན་ལྷག་པའི་གནད་དོན་ཡང་མངོན་ཡོད། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་གཞིར་བཟུང་། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་ལེགས་སུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་མཐའ་གཅིག་ཏུ་མཐའ་འཁྱོངས་བྱས་ནས་རྨོ་ཞིང་གི་དམར་ཐིག་བརྟན་པོར་སྲུང་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་འཛུགས་སྐྱོང་ལ་སྤྱི་འདོམས་བྱེད་པ། གྲོན་ཆུང་ངང་ས་ཆ་སྤྱོད་པའི་ལམ་ལུགས་ནན་ཤོས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ས་ཆ་སྤྱོད་པའི་ལས་ཕྱོད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ་རེད།

གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས“བརྟག་དཔྱད་བྱེད་ཐེངས་གསུམ་པའི”གྲུབ་འབྲས་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། “བརྟག་དཔྱད་བྱེད་ཐེངས་གསུམ་པའི”གྲུབ་འབྲས་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་ཁག་གི་གཅིག་གྱུར་གཞི་གྲངས་དང་གཅིག་གྱུར་གཞི་རིས་ལ་བརྩིས་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།