དྲ་རྒྱར་བརྟེན་ནས་སློབ་ཚན་གསར་པ་ཁྲིད། སློབ་གསོ་མཉམ་འདྲེས་བྱང་ཚད་མཐོ་རུ་བཏང་།

—— རྒྱལ་རྩེ་རྫོང་དུ་ཕྱི་རྒྱལ་དགེ་རྒན་གྱིས་དྲ་ཐོག་ནས་དབྱིན་ཡིག་སློབ་ཚན་ཁྲིད་པའི་སྐོར་བཀོད་པ།

《ཀྲུང་གོའི་གཏམ་རྒྱུད་ཡག་པོ》ཞེས་པའི་དབྱིན་ཡིག་དྲ་ཐོག་སློབ་ཚན་ནི་འདི་ལོ་རྒྱལ་རྩེར་བོད་སྐྱོར་བྱེད་མཁན་ཧྲང་ཧའེ་ཚོགས་ཆུང་གིས་དུས་འགོར་རིགས་པས་ཁུངས་སྐྱེལ་དང་ཞིབ་བཤེར་གང་ལེགས་དང་ཕྱོགས་མང་པོའི་ཐད་ལ་མཐུན་སྦྱོར་འབྲེལ་མཐུད་བྱས་པ་བརྒྱུད། རྒྱལ་རྩེ་རྫོང་དུ་བདེ་བླག་ངང་ནང་འདྲེན་བྱས་པའི་སློབ་ཚན་གསར་པ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་གོའི་གཏམ་རྒྱུད་ཡག་པོ》ཞེས་པའི་དབྱིན་ཡིག་སློབ་ཚན་ནི་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་བྱང་ཚད་སློབ་གསོར་དོ་ཁུར་བྱེད་མཁན་ཧྲང་ཧའེ་ཨའེ་གཡོད་ཆི་དང་། ཧྭ་ཏུང་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། རྒྱལ་སྤྱིའི་དབང་གྲགས་དཔེ་ཀློག་དཔྱད་བསྡུར་སྒྲིག་གཞི་བཅས་ཀྱིས་ཐུན་མོང་ཐོག་བཏོད་པ་ཞིག་ཡིན་པ་དང་། ཀྲུང་གོའི་དུས་ཆེན་གྱི་གཏམ་རྒྱུད་དང་། དུས་ཆེན་གྱི་བྱིས་གླུ། གཏམ་དཔེ། དམངས་ཁྲོད་ཤོད་རྒྱུན། ལྷ་སྒྲུང་བཅས་དང་འབྲེལ་བ་ཡོད་པའི་དབྱིན་ཡིག་གཏམ་རྒྱུད་130ལྷག་ཙམ་གསར་རྩོམ་བྱས་ནས། དཔེ་དེབ་24དང་སྒྲ་བརྙན་དང་འགུལ་རིས་130ལྷག་ཙམ་བཟོས་པ་དང་སྦྲགས་ཕྱི་རྒྱལ་གྱི་དགེ་རྒན་ཚོགས་པ་བཀོད་སྒྲིག་བྱས་ཏེ། དྲ་རྒྱའི་བྱ་ཐབས་དང་མི་བཟོས་རིག་ནུས་ལག་རྩལ་ལ་བརྟེན་ནས་སློབ་ཚན་ཁྲིད་དེ་ཀུན་འདུས་སྨྱན་སྦྱོར་གྱི་ནང་དོན་དང་རྒྱང་ཁྲིད་ཐད་གཏོང་གི་སློབ་ཚན་མང་པོ་སློབ་གྲྭ་འབྲིང་ཆུང་དུ་ཁྱབ་གདལ་བཏང་བ་རེད།

སློབ་མ་ཚོས་སློབ་ཚན་དེ་རིགས་དང་ཕྱི་རྒྱལ་གྱི་དགེ་རྒན་དང་འབྲེལ་འདྲིས་བྱེད་ཐེངས་དང་པོ་ཡིན་པས། ཐོག་མའི་དུས་སུ་སློབ་མའི་སེམས་ལ་ཡ་མཚན་དང་། དངངས་སྐྲག་ཅུང་ཟད་སྐྱེས་ཀྱི་ཡོད་མོད། ཡིན་ནའང་ཕྱི་རྒྱལ་དགེ་རྒན་གྱི་སྤྲོ་སེམས་འཕེལ་བའི་སློབ་ཁྲིད་བྱ་ཐབས་ཀྱི་ཤུགས་རྐྱེན་དང་སློབ་གྲྭའི་དགེ་རྒན་གྱི་གཞོགས་འདེགས་སྣེ་ཁྲིད་འོག སློབ་མ་ཚོ་རིམ་བཞིན་ཁོར་ཡུག་བཟང་པོའི་ནང་སེམས་པ་ལྷོད་ལ་བབས་ནས་རང་འགུལ་དང་གདེང་ཚོད་ལྡན་པར་གྱུར་ཏེ་ཚང་མས་མཉམ་དུ་དགའ་སྤྲོའི་རྣམ་པའི་ཁྲོད་དབྱིན་ཡིག་སྦྱོང་བ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་སློབ་སྦྱོང་བྱས་པས། གང་སར་སྤྲོ་སྣང་གིས་ཁེངས་ཡོད།

ཉེ་བའི་ལོ་ཤས་རིང་། རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག རྒྱལ་རྩེའི་སློབ་གསོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ལྷག་པར་དུ་རྒྱལ་རྩེའི་བོད་སྐྱོར་ཚོགས་ཆུང་ཁག་དགུ་པས་སྔར་རྒྱུན་བཞིན་སློབ་གསོའི་སྤུས་ཚད་ལ་མཐོང་ཆེན་བྱས་པའི་རྨང་གཞིའི་ཐོག་སློབ་གྲྭའི་ཁྱད་ཆོས་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་བྱས་ནས་སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་དགའ་ཕྱོགས་འཕེལ་བར་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་རུ་འགྲོ་བའི་འགན་ལེན་བྱས་པ་རེད།

“《ཀྲུང་གོའི་གཏམ་རྒྱུད་ཡག་པོ》ཞེས་པའི་སློབ་ཚན་འགོ་ཚུགས་པ་ལས་རྒྱལ་རྩེའི་སློབ་གསོའི་ཆུ་ཚད་དང་ཆ་འཕྲིན་ཅན་གྱི་ཚད་གཞི་མཐོ་རུ་ཟམ་མི་ཆད་པར་ཕྱིན་པ་མཚོན་ཡོད། དྲ་སྦྲེལ་ནུས་པར་བརྟེན་ནས་དེ་བས་མང་བའི་ཐོན་ཁུངས་སྤུས་ལེགས་དང་སྦྲེལ་མཐུད་བྱས་ཏེ། སློབ་མར་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་གཏོང་རོགས་བྱས་པ་རེད། སློབ་ཁང་དུ་སློབ་ཁྲིད་བྱ་ཐབས་ལ་འགྱུར་ལྡོག་བཏང་ནས་ཕྱི་རྒྱལ་བ་དང་མཉམ་དུ་རང་རེའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་བ་བརྒྱུད། རིག་ཚན་དང་ཤེས་རིག་སློབ་གསོར་སྐུལ་འདེད་སྔར་བས་ཡག་པོ་ཐེབས་པ་དང་། འཛོམས་དགོས་པའི་ཀུན་སྤྱོད་རྒྱུད་ལ་འཇགས་ཐུབ་པ། རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པ་བཅས་བྱུང་སོང”ཞེས་རྒྱལ་རྩེར་བོད་སྐྱོར་བྱེད་མཁན་ཚོགས་ཆུང་གི་ཁོངས་མི་དང་། རྒྱལ་རྩེ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ། མིང་ཧའང་སློབ་འབྲིང་གི་སློབ་སྤྱི་བཅས་ཡིན་པའི་ལི་ཆིང་ཧའོ་ཡིས་བརྗོད།

ལོ་གཉིས་ལྷག་ཙམ་རིང་། རྒྱལ་རྩེར་བོད་སྐྱོར་བྱེད་མཁན་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ“དོ་སྙོམས་སྤུས་ལེགས”དང“སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་ལག་རྩལ་བཅས་ཀྱི་སློབ་གསོ་ལྔ་མཉམ་འཛིན”བྱ་རྒྱུ་དེ་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བའི་དམིགས་ཚད་ལ་བརྩི་བ་དང་། རྒྱལ་རྩེའི་སློབ་གསོའི་དོན་དངོས་དང་སློབ་མའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལུས་རྩལ་ཐང་དང་། ཀུན་སྤྱོད་གླིང་། ཀུན་སྤྱོད་སློབ་ཁང་། གསར་གཏོད་ཚོད་ལྟ་ཁང་བཅས་རབ་དང་རིམ་པ་སྔ་རྗེས་སུ་བསྐྲུན་པ་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། རིག་ཚན་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། རྒྱལ་རྩེ་རྫོང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ནུས་པ་ཆེན་པོ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།