རྒྱལ་ཁབ་གློག་དྲ་ནག་ཆུ་གློག་འདོན་ཀུང་སིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ།

80259745-24b5-4647-b6eb-ff3718c4096f.jpg

འདི་ནི་རྒྱལ་ཁབ་གློག་དྲ་ནག་ཆུ་གློག་འདོན་ཀུང་སིའི་ལས་དོན་མི་སྣས་གསེར་རྙེད་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་འདེགས་ལྟེ་གནས་སུ་གློག་སྐུད་ཉམས་བཟོ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཁམས་བཟང་། ཁྱེད་ལས་སྒོ་གང་ཞིག་གཉེར་རྩིས་ཡོད”ཉིན་ཤས་གོང་ནག་ཆུ་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་གློག་ཤུགས་ཞབས་ཞུའི་སྐར་ཁུང་ཨང་20པར་གྲོང་མི་འཇིགས་མེད་དབང་ཕྱུག་གིས་གློག་ཤུགས་ཆེར་གཏོང་ལས་སྒོ་བདེ་བླག་ངང་གཉེར་ནས་ཉིན་དེའི་གློག་སྤྱོད་ལས་སྒོ་གཉེར་མཁན་དང་པོར་གྱུར་པ་དང་འབྲེལ་གློག་ཤུགས་ཞབས་ཞུ་གཞི་རིམ་དུ་སྤེལ་བར་བློ་ཡིད་ཚིམ་པོ་འདུག་ཅེས་བཤད་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། རྒྱལ་ཁབ་གློག་དྲ་ནག་ཆུ་གློག་འདོན་ཀུང་སིའི་ཏང་ཨུད་ཀྱིས་མི་སེར་གྱི་དམངས་འཚོ་དང་ཁུལ་ཁོངས་འཕེལ་རྒྱས་ལ་དམིགས་ནས། “མི་དམངས་ཀྱི་ཆེད་དུ་མི་དམངས་གློག་ལས་གཉེར་བའི”ཁེ་ལས་ཀྱི་དམིགས་ཡུལ་ལག་ལེན་ཧུར་ཐག་བསྟར་བ་རེད། མིག་སྔའི་བར། ཁེ་ལས་དང་། སྡེ་ཁུལ། འབྲོག་དུད་སོགས་སུ་ཏང་ཡོན་གྱི་དང་བླངས་ཞབས་འདེགས་བྱེད་སྒོ་ཐེངས་22སྤེལ་ཞིང་། དང་བླངས་ཞབས་འདེགས་བྱེད་སྒོར་ཞུགས་མཁན་མི་གྲངས་393ཟིན་པ་དང་། ཞབས་འདེགས་ཞུས་པའི་མི་གྲངས་3853ཟིན་ནས་གུང་ཁྲན་ཏང་ཡོན་ཞབས་འདེགས་རུ་ཁག་གི་གདོང་ལེན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་པ་དང་། ཏང་ཡོན་གྱིས“སློབ་སྦྱོང”ནས་འགོ་འཛུགས་པ་དང“ལས་དོན”ལ་ཤུགས་རྒྱག་པར་སྐུལ་འདེད་གཏོང་བ་དང་། རང་ངོས་ཀྱི་ཆེད་ལས་ལ་གཞི་ཚུགས་ནས་སེམས་ནུས་ཡོད་རྒུ་དང་བརྩེ་སེམས་ཟབ་མོས་འཛད་སྤྱོད་པའི་སེམས་ཁྲལ་སེལ་བ་དང་། མི་སེར་གྱི་སེམས་ནད་སེལ་བ། མང་ཚོགས་བློ་ཡིད་ཚིམས་པའི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མང་ཚོགས་དབར་གྱི“སེམས་སྦྲེམ་ཟམ་པ”བསྐྲུན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།