“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་གྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོན་པ།

W020211224326583377343.jpg

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཏེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད》ལག་བསྟར་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་གྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་གྲུབ་འབྲས་འབུར་ཐོན་བླངས་བ་དང་། བོད་ལྗོངས་ལ་ཚན་རིག་བྱང་ཚད་ལྡན་པའི་སྤྱི་དམངས་ཀྱི་བསྡུར་ཚད་མངོན་གསལ་དོད་པོས་མཐོར་འདེགས་སུ་ཕྱིན་ཡོད།

གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་གྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་གྲུབ་འབྲས་འབུར་ཐོན་བླངས་ཡོད། བོད་ལྗོངས་འཁོར་སྐྱོད་ཚན་རྩལ་ཁང་གི་འགྲེམས་དངོས་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ཆ5ནས་ད་ཆའི14བར་ཇེ་མང་དུ་ཕྱིན་པ་དང་། ས་ཁུལ་དང་གྲོང་ཁྱེར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། ཚན་རིག་ཁྱབ་གདལ་གྱི་རླངས་འཁོར“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་རླངས་འཁོར48ནས་ད་ལྟའི་རླངས་འཁོར86བར་ཇེ་མང་དུ་ཕྱིན་ཡོད་ལ། རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཚན་རྩལ་མཐུན་ཚོགས་ཀྱི་མ་ལག་ཡོངས་སུ་ཁྱབ་པ། ཞིང་སྡེའི་སློབ་གྲྭ་ཆུང་འབྲིང་གི་ཚན་རྩལ་ཁང་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི61ནས་ད་ལྟའི160བར་ཇེ་མང་དུ་ཕྱིན་པ་དང་། རྫོང་ཁོངས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ། རིག་ལྡན་ཚན་རིག་ཁྱབ་གདལ་སྡེ་ཁུལ4དང་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང3གསར་སྐྲུན་བྱས་པ་རེད། འཁོར་སྐྱོད་ཚན་རྩལ་ཁང་དང་ཚན་རིག་ཁྱབ་གདལ་གཏོང་བའི་རླངས་འཁོར། སློབ་གྲྭ་ཆུང་འབྲིང་གི་ཚན་རྩལ་ཁང་། སྡེ་ཁུལ་ཚན་རྩལ་ཁང་། གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་བཅས་གཙོར་བྱས་པའི་དེང་རབས་ཀྱི་ཚན་རིག་ཁྱབ་གདལ་ཁང་གི་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཡོད།

དེ་དང་ཆབས་ཅིག བོད་ལྗོངས་ཀྱི་ཚན་རིག་ཁྱབ་གདལ་རྟེན་གཞི་སྣ་ཚོགས་མུ་མཐུད་འཐུས་ཚང་དུ་བཏང་ནས། ཚན་རིག་ཁྱབ་གདལ་བྱ་འགུལ་གྱི་ས་ཚིགས709དང་། དགོན་སྡེའི་ཚན་རིག་ཁྱབ་གདལ་བྱ་འགུལ་གྱི་ས་ཚིགས25། ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བར་ཁྱམས7བཅས་བསྐྲུན་པ་རེད། ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི17གཏན་འཁེལ་བྱས་པ་དང་། ཚན་རིག་ཁྱབ་གདལ་དཔེ་སྟོན་སྡེ་ཁུལ13ལ་མིང་བཏགས་པ། རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང7གསར་གཏོད་བཅས་བྱས་པ་རེད།

གཞན་ཡང་། བོད་ལྗོངས་ཀྱིས་ཚན་རིག་ཁྱབ་སྤེལ་གྱི་ཕན་ནུས་ཆེ་རུ་བཏང་ནས་ཚན་རིག་ཁྱབ་གདལ་གྱི་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། བོད་ལྗོངས་ཀྱིས་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དངོས་རྫས་རིགས18དང་གྲངས་འབོར2.4ལྷག་གསར་སྤེལ་སྒྲིག་བཟོ་བྱས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚན་རིག་ཁྱབ་གདལ་དཔེ་དེབ་ཁྲི12.4རྩོམ་སྒྱུར་སྒྲིག་བཟོ་བྱས་པ། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚན་རིག་ཁྱབ་གདལ་འགེལ་རིས་ཁྲི1ཇུས་འགོད་དང་སྒྲིག་བཟོ་བྱས་པ་མ་ཟད། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཚན་རིག་ཁྱབ་གདལ་ཐོན་ཁུངས་ཁུག་མ་གསར་སྤེལ་བྱས་ཏེ། གཞི་རིམ་གྲོང་ཚོར་ཚན་རིག་ཁྱབ་གདལ་བརྙན་འཕྲིན་གྱི་སྒམ་ཆུང4000འགྲེམ་གཏོང་བྱས་པ་དང་འབྲེལ། ཁྱབ་སྤེལ་ནང་དོན་ཐོན་ཁུངས་ཁུག་མར་བཟོས་ནས་འགྲེམ་གཏོང་བྱས་ཤིང་། ལོ་རེར་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཐེངས72དང་དོན་ཚན600ལྷག་ཁྱབ་སྤེལ་བཏང་བ་རེད།

གསར་འགྱུར་མགྲིན་ཚབ་པས2020ལོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། བོད་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ལས་དོན་ཏན་ཏིག་སྤེལ་བ་རེད། གསར་འགྱུར་སྨྱན་བྱད་དང་དྲ་རྒྱ་སོགས་ལས་སྟེགས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ་འོས་སྦྱོར་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་དེབ་དང་དྲིལ་སྒྲོག་ཤོག་བྱང་། ཚན་རིག་ཁྱབ་གདལ་ཤེས་བྱའི་འགེལ་རིས་སོགས་དཔྱད་ཡིག་འགྲེམ་གཏོང་བྱས་པ་བརྒྱུད། བོད་ལྗོངས་སྤྱི་དམངས་ཀྱི་རྗེས་དཔག་བསམ་བློ་དང་ཚན་རིག་གི་འདུ་ཤེས་སྔར་བས་མཐོར་འདེགས་སུ་ཕྱིན་པར་སྐུལ་འདེད་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།