ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། བསླུས་ཚོང་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། སྒང་ཏོག་མངགས་གཏོང་ཁང་གིས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཨང་27པ་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་དམིགས་བསལ་སློབ་གྲྭར་བསྐྱོད་དེ“བོར་བརླག་དང་བསླུས་ཚོང་སྔོན་འགོག་གིས་ཕྲུ་གུའི་བདེ་འཇགས་ཡག་པོ་སྲུང་བ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་བསླུས་ཚོང་སྔོན་འགོག་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
སྒྲོག་འགྲེལ་བྱེད་སྒོ་སྤེལ་རིང་། སྒང་ཏོག་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཞིས་རྩེ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་དགེ་སློབ་ཚོར་རྒྱལ་ཁབ་ཀྱིས་བསླུས་ཚོང་ལ་རྡུང་རྡེག་གཏོང་བའི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། བུད་མེད་དང་བྱིས་པ་བསླུས་ཚོང་གི་ཉེས་གསོག་བྱ་ཐབས་གཙོ་བོ་གསལ་འགྲེལ་བྱས་པ། བསླུས་ཚོང་སྔོན་འགོག་གི་རྒྱུན་ཤེས་དང་བསླུས་ཚོང་བྱས་ན་རང་སྐྱོབ་ཇི་ལྟར་བྱེད་དགོས་མིན་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། དེ་དང་དུས་མཚུངས“གྱོད་དཔེ་དྲངས་ནས་བཅའ་ཁྲིམས་ཤོད་པ”བརྒྱུད། ན་སོ་དར་ལ་མ་བབས་པའི་མི་ལ་ཕྱི་རོལ་གྱི་བསླུ་བྲིད་ཐེབས་སླ་བ་དང་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་སོགས་ཀྱི་ཁྱད་ཆོས་བཤད་པ་དང་སྦྲགས། རྒྱུན་མཐོང་གི་བསླུས་ཚོང་སྔོན་འགོག་གི་ཐབས་ཤེས་ངོ་སྤྲོད་བྱས་ནས་སློབ་མའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད། སློབ་གྲྭ་དེ་གའི་དགེ་སློབ་ཡོངས་ཀྱི་བུད་མེད་དང་བྱིས་པ་བསླུས་ཚོང་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་དོགས་ཟོན་གྱི་ནུས་པ་ཆེ་རུ་ཏན་ཏིག་ཕྱིན་ནས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་བསླུས་ཚོང་སྔོན་འགོག་གི་ལས་དོན་ལ་རྣམ་པ་བཟང་པོ་བཏོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་ཕྲུ་གུ་བོར་བརླག་དང་བསླུས་ཚོང་སྔོན་འགོག་གི་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།