ས་སྐྱ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་སྐྱ་རྫོང་གིས་སྔ་ཕྱི་བར་གསུམ་དུ་སྨྱན་སྦྱོར་གསར་པར་བརྟེན་ནས་རྒྱུན་དུ་གནས་ཚུལ་གཏོང་སྤེལ་དང་། རྒྱང་བསྒྲགས་ཆུང་གྲས་ལ་བརྟེན་ནས་རྒྱུན་དུ་དྲིལ་བསྒྲགས་བྱེད་པ། སྒྲོག་སྦྱངས་རུ་ཁག་གིས་རྒྱུན་དུ་སྒྲོག་འགྲེལ་བྱེད་པ། བྱ་བ་དངོས་རྟག་ཏུ་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་གནད་དུ་འབྱོར་བ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གནད་དུ་སྨིན་པ། ཆེད་དོན་སྒྲོག་འགྲེལ་གནད་དུ་འཁེལ་བ། ཞིབ་ལྟ་དབྱེ་ཞིབ་གནད་དུ་འཁེལ་བ། “ཆུང་རྩད་ཆེ་ཤེས”གནད་དུ་འབྱོར་བ། སྐུལ་འདེད་དང་མཛུབ་ཁྲིད་གནད་དུ་སྨིན་པ། ལག་ལེན་དངོས་ཀྱི་བྱེད་སྒོ་གནད་དུ་འཁེལ་བ་བཅས་ཡོང་བར་སྐུལ་འདེད་བཏང་ནས་ཏང་ཡོན་ལས་བྱེད་པས་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་། གྲུབ་འབྲས་རླབས་པོ་ཆེ། ཉམས་མྱོང་རྩ་ཆེན། གསར་བརྗེའི་སྲོལ་རྒྱུན། སྤྱོད་ཚུལ་བཟང་པོ་བཅས་ཁྱོན་ཡོངས་ནས་ཤེས་རྟོགས་དང་ངོས་འཛིན་ཡང་དག་བྱེད་པར་ཁྲིད་སྟོན་དང་། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན། དམངས་ལ་བྱ་བ་དངོས་སྒྲུབ་རིང་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་མངོན་པ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

གསོ་སྦྱོང་དང་སློབ་སྦྱོང་ཏན་ཏིག་བྱས་ཤིང་། རྫོང་དེས་གྲོང་ཚོ་རིམ་པའི་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དང་། ཁོའོ་རིམ་པའི་ལས་བྱེད་པའི་རིགས་པའི་གཞུང་ལུགས་བགྲོ་གླེང་འཛིན་གྲྭ “གཅིག་རྒྱུན་གཅིག་འཛིན་བྱས་ཏེ་ཏང་གི་ལོ་རྒྱུས་སྦྱོང་། ཐོས་བསམ་མྱོང་རྟོགས་བྱས་ནས་ཐོག་མའི་བསམ་འདུན་སྐྱོང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སོགས་གཉེར་ཡོད། མིག་སྔའི་བར་གྲོང་ཚོ་རིམ་པའི་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་3དང་། ཁོའོ་རིམ་པའི་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་འཛིན་གྲྭ་དུས་ཐེངས་4 དཔེ་ཀློག་འཛིན་གྲྭ་དུས་ཐེངས་60ལྷག་ཙམ་བཅས་གཉེར་ཡོད། དེ་དང་ཆབས་ཅིག་རྫོང་དེས་སློབ་སྦྱོང་གི་གཡུལ་ས་གཙོ་བོ་བེད་ཡག་པོ་སྤྱད་ནས་གསར་བརྗེའི་གསུང་རབ་ཀློག་པ་དང་། གསར་བརྗེའི་གཏམ་རྒྱུད་ཤོད་པ། གསར་བརྗེའི་གློག་བརྙན་ལྟ་བ། གསར་བརྗེའི་ཏང་གི་སློབ་ཚན་འཁྲིད་པ་སོགས་ཀྱི་བྱེད་སྒོ་དེ་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་བཅས་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ཡོད། རྫོང་དེས་ད་དུང“དྲ་ཐོག་དྲ་ཕྱི་ཟུང་འབྲེལ”གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་རྒྱུན་གཏན་གྱི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”དེ་ཏང་ཡོན་ལས་བྱེད་པར་གསར་བརྗེའི་སློབ་གསོ་གཏོང་བའི་ལས་སྟེགས་དང“ཉིན་ལྟར་སློབ་སྦྱོང་དང་། སྐར་གྲངས་ཆ་ཚང་བརྩོན་ལེན། མཉམ་འགུལ་མང་ཙམ་ཡོང་བ་བཅས་བྱེད་པའི”སློབ་སྦྱོང་གི་ཚད་གཞིར་བརྩིས་ཡོད།

གྲོང་གསེབ་ཏུ་རྒྱང་བསྒྲགས་ནས་དྲིལ་བསྒྲགས་བྱས་ཤིང་། ཤང་དང་གྲོང་ཚོའི་སྐབས་བསྟུན་རྒྱང་བསྒྲགས་ལས་སྟེགས་ལ་བརྟེན་ནས་མང་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་དང་དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། གསར་བརྗེའི་གླུ་གཞས་སོགས་ཀྱི་ནང་དོན་ཉིན་ལྟར་ཆུ་ཚོད་2ལས་མི་ཉུང་བར་རེས་མོས་ངང་བཏང་བས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཞིང་ནང་དང་མུ་ཁ་སོགས་གང་ས་ནས་ཉན་ཐུབ་ནས་སློབ་གསོ་ངང་གིས་ཐེབས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་གཞི་རིམ་དང་། མང་ཚོགས། མི་སེམས་བཅས་སུ་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་ཏན་ཏིག་ཐུབ་ཡོད།

བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་གསོན་ཤུགས་རྒྱས་པར་བྱས་ཤིང་། “ཕྱི་རུ་སྐྱོད་པ་དང་ནང་དུ་གདན་འདྲེན་པ”ཟུང་དུ་འབྲེལ་ནས་ཏང་ཙུའི་ཁོངས་མི་དང་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་། གསར་བརྗེའི་ལོ་རྒྱུས་དྲན་གསོ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན། ཏང་ཞུགས་དམ་བཅའ་བསྐྱར་འཇོག གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཡོད། རྫོང་གི་ཏང་ཡོན་རྒན་གྲས་དང་སྒྲོག་འགྲེལ་ཚོགས་པའི་འཆད་ཁྲིད་དགེ་རྒན་གསར་བརྗེའི་ཏང་གི་སློབ་ཚན་དང་སྲིད་གཙང་སྐོར་གྱི་ཏང་གི་སློབ་ཚན་འཁྲིད་རྒྱུར་གདན་དྲངས་ཡོད།

དང་བླངས་ཞབས་ཞུའི་ཚ་རླབས་འཕྱུར་བར་བྱས་ཤིང་། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་ཞུས་ཡོད། ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་དང་མྱོང་བ་ཟབ་མོ་ལྡན་པའི་གྲོང་གསེབ་ཀྱི་ཏང་ཡོན་རྒན་གྲས་གདན་དྲངས་ནས“རང་གི་མྱོང་ཚོར་དངོས”བརྗོད་དུ་འཇུག་པ་དང་། གསོན་ཉམས་དོད་ལ་ཐད་ཀའི་བྱེད་ཐབས་ཐོག་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གླེང་སྟེ་སློབ་ཚན་ཁྲིད་ཞོར་དུ་སློབ་སྦྱོང་ཐུབ་པ་དང་སློབ་གསོ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྦྱོང་སྤྱོད་ཟུང་འབྲེལ་ཡོང་བ་བྱས་ཡོད། ལོ་རྒས་ཤིང་གཟུགས་པོ་མི་ཐང་བ་སོགས་ཀྱི་དམིགས་བསལ་ཏང་ཡོན་ལ་དམིགས་ནས“གཅིག་གཏད་གཅིག”གི་ཆ་སྒྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་དང་ཏང་ཡོན་གྱི་ཁྱིམ་དུ་བསྐྱོད་ནས་གསར་བརྗེའི་རིག་གནས་དཔེ་དེབ་སྤྲོད་པ་དང་། གསར་བརྗེའི་གཏམ་རྒྱུད་ཤོད་པ། འཚམས་འདྲིར་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་ཡོན་དང་མཉམ་དུ་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་ཤིང་། ཀློག་པ་དང་། བསམ་བློ་གཏོང་བ། གླེང་བ། ཉན་པ་བཅས་ཀྱི་རྣམ་པའི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་མཐོང་ཐོས་མྱོང་གསུམ་སྤེལ་རེས་བྱས་པ་རེད།

མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བར་བྱས་ཤིང་། ས་སྐྱ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་གནད་ལ་འཁེལ་བའི་ངང་འཚོལ་བ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དོན་དངོས་སྒྲུབ་པ་དང་དཀའ་གནད་ལེགས་པར་སེལ་བ། མི་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་འདོད་ཚུལ་འདྲི་རྩད་བྱེད་པ་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”གོམ་པ་དང་པོར་བརྩིས་ཏེ་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་འཐབ་ས་དང་པོར་ཟབ་ཞུགས་བྱས་ནས་བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་སྦྲགས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡག་པོ་ཉན་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་ཐབས་བྱས་ཡོད། དེ་དང་ཆབས་ཅིག་ཏུ་དཔེར་ན་མོ་ལྷ་ཤང་གི་གམ་པའི་ལུག་དང་གཤོང་མ་ཤང་གི་བོད་བྱ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་ཤུགས་ཆེན་བྱས་ནས་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་ས་སྐྱ་རྫོང་གི་ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།