ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཞེ་ཁྲེང་ཐོན་ལས་གླིང་གི་མིང་རྟགས་འགོད་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་འཚོགས་པ་རེད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། “སྲིད་ཐོན་སློབ་ཞིབ”ཀྱི་ལས་རིགས་སྒྲོལ་བའི་མཉམ་འདྲེས་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་། གྲོང་གསེབ་དར་རྒྱས་ལ་རིག་གནས་ཡུལ་སྐོར་གྱིས་ཐོན་པའི་ལེགས་ཆ་གང་ལེགས་བཏོན་ཏེ། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། ཞེ་ཁྲེང་ཚོགས་པ་བཅས་ཀྱིས“མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད། མཉམ་འཕེལ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཞེ་ཁྲེང་ཐོན་ལས་སློབ་གླིང་བཙུགས་པ་རེད།
རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་དོན་གྲུབ་ཀྱིས། 2021ལོ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གྱི་ལོ་དང་པོ་དེ་ཡིན་ཞིང་། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་ལས་ལས་རིགས་ལ་གོ་སྐབས་གསར་པ་བཏོད་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནི་རང་ལྗོངས་ཀྱི་མིག་སྔའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་གྱི་གྲས་ཤིག་རེད། བོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཞེ་ཁྲེང་ཐོན་ལས་སློབ་གླིང་གིས་བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་དང་ཞེ་ཁྲེང་ཚོགས་པའི་ལེགས་ཆར་གཞི་ཚུགས་པས་སློབ་གླིང་གིས་རང་ལྗོངས་ཀྱི་ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་གསོན་ཤུཌ་གསར་པ་སྣོན་པ་དང་རང་ལྗོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བཤད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཞེ་ཁྲེང་ཐོན་ལས་སློབ་གླིང་གི་སྒོ་བྱང་དངོས་སུ་བཀལ་བ།