པར་འདི་ནི་ཟླ12པའི་ཚེས21ཉིན་བླངས་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་བརླན་སའི་དགུན་དུས་ཀྱི་མཛེས་ལྗོངས་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚར་པ་ནང་བརླན་ས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཚར་པ་ནང་གྲོང་ཚོའི་རྒྱལ་ལམ318ཀྱི་འགྲམ་རྒྱུད་དང་། ལྷ་ས་སྐྱིད་ཆུའི་བྱང་ངོགས་དང་ཆུ་ཤུར་རྫོང་དང་བར་ཐག་སྤྱི་ལེ10ཡོད་པའི་མཚམས་སུ་གནས་ཡོད་ཅིང་། ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བར་ཐག་སྤྱི་ལེ57ལྷག་ཡོད། བརླན་ས་དེ་ནི་མཐོ་སྒང་གི་མཚེའུ་ཡི་བརླན་ས་ཞིག་ཡིན་ལ། དེར་གཙོ་བོ་ཁྲུང་ཁྲུང་སྐེ་ནག་དང་ངུར་བ། ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་བྱ་རིགས་ཡོད་པ་དང་། སྐྱེ་སྟོབས་བྱུང་བའི་སྔོ་ཁེབས་གཙོ་བོ་འདམ་རྩྭ་ཡིན། 2004ལོར། གྲོང་ཁྱེར་རིམ་པའི་གཙོ་གནད་བརླན་སའི་སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ་དུ་དངོས་སུ་ཆོག་མཆན་བཀོད་པ་རེད། །
པར་འདི་དག་ནི་ཟླ12པའི་ཚེས21ཉིན་བླངས་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་བརླན་སའི་དགུན་དུས་ཀྱི་མཛེས་ལྗོངས་རེད།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་སའི་ཚར་པ་ནང་བརླན་སའི་དགུན་དུས་ཀྱི་མཛེས་ལྗོངས།